73216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྐྱེན་གཉེར་གྱི་ལུང༌་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་འགྲོལ་བའི་ལྡེ་མིག་མདོ་བཞི་ལས་མཐུན་འཇུག་སྦྱོར་བའི་ལུང་གི་ནང་གསེས་ཤིག་སྟེ། རང་གང་ལ་མོས་པ་དེའི་ཆ་རྐྱེན་ཆེད་གཉེར་གྱིས་སྟོན་པའི་ཕྱིར་རང་རྐྱེན་གཉེར་གྱི་ལུང་ཞེས་བྱ། འདིའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་རང་རྐྱེན་གཉེར་གྱི་ལུང་ནི་འདི་ལྟར་ཏེ། གདུལ་བྱ་གང་སུ་ཞིག་ཇི་ལྟ་བུའི་ཆོས་ཀྱི་སྣོད་དུ་གནས་པ་ལ་དེ་ཉིད་གང་ལ་མོས་པ་ལྟར་འདུལ་བར་བྱེད་པའི་རྐྱེན་དུ་འཚམས་པ་དེ་ལ། དེ་ལྟར་དེའི་ཆ་རྐྱེན་དུ་ངེས་པའི་ཐེག་པ་ཉིད་སྟོན་པར་བྱེད་པའི་བཀའ་དམ་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རང་རྐྱེན་གཉེར་གྱི་ལུང༌་

|; |@@@ | | }}