73217
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རང་ཉིད་གང་གི་ཁོངས་སུ་གཏོགས་པའི་རྒྱལ་ཁབ། |
{{#arraymap:རང་རྒྱལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་ཉིད་གཞན་ལས་རྒྱལ་བ་སྟེ། |
Example | རང་རྒྱལ་ཞིང་གཞན་ཕམ་པ་ལྟ་བུ། |
{{#arraymap:རང་རྒྱལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། རང་གཅིག་པུའི་ཆེད་དུ་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་མི་ལྟོས་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པས་ན་རང་རྒྱལ་ཞེས་འཇོག དེ་ལྟར་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ངེས་ཚིག་གི་དབང་དུ་བྱས་ན། རང་གཅིག་པུའི་ཕྱིར་སངས་རྒྱས་དོན་དུ་གཉེར་བས་ན་རང་སངས་རྒྱས་ཞེས་བྱ་བ་དང། བསེ་རུ་ལྟ་བུར་གཅིག་པུར་གནས་པའི་རང་སངས་རྒྱས་ཡིན་པས་ན། བསེ་རུ་ལྟ་བུའི་རང་སངས་རྒྱས་ཞེས་བྱ་བ་དང། གྲོགས་དང་ལྷན་ཅིག་སྤྱོད་པའི་རང་སངས་རྒྱས་ཡིན་པས་ན། ཚོགས་སྤྱོད་ཀྱི་རང་སངས་རྒྱས་ཞེས་བྱ་སྟེ། མཛོད་འགྲེལ་ལས། ལུང་མེད་པར་བདག་ཉིད་གཅིག་པུའི་ཕྱིར་སངས་རྒྱས་པས་རང་སངས་རྒྱས་ཏེ་ཞེས་དང། འགྲེལ་བཤད་ལས། བསེ་རུ་ལྟ་བུ་ཡིན་ཞེས་བྱ་བ་ནི་ཇི་ལྟར་བསེ་རུ་དག་གཉིས་པ་མེད་པ་དེ་བཞིན་དུ་དེ་དག་ཀྱང་ཁྱིམ་པ་དང་རབ་ཏུ་བྱུང་བ་རྣམས་དང་རང་སངས་རྒྱས་གཞན་དག་དང་མ་འདྲེས་པར་གནས་པས་ན། བསེ་རུ་ལྟ་བུ་རྣམས་ཞེས་བྱའོ། །ཞེས་དང། ཚོགས་ཤིང་སྤྱོད་པ་ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:རང་རྒྱལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཐེག་པ་འབྲིང་པོའི་ལམ་ཞུགས་ཀྱི་གང་ཟག་ཏུ་དམིགས་པ། རང་རྒྱལ་གྱི་མཚན་ཉིད། དབྱེ་ན། བསེ་རུ་ལྟ་བུའི་རང་སངས་རྒྱས། ཚོགས་སྤྱོད་ཆེན་པོའི་རང་སངས་རྒྱས། ཚོགས་སྤྱོད་ཆུང་ངུའི་རང་སངས་རྒྱས་དང་གསུམ་དུ་ཡོད་དོ། ། |
{{#arraymap:རང་རྒྱལ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་རྒྱལ་ནི་རང་རྒྱལ་གྱི་ཐེག་པའམ་རང་སངས་རྒྱས་ཀྱི་ཐེག་པར་ཞུགས་པའི་གང་ཟག་སྟེ། འདིའི་དོན། སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་ལས། སྲིད་པ་ཐ་མ་བའི་ཚེ་གཞན་ལ་མ་བསྟེན་པར་རང་ཉིད་སྲིད་པ་ལས་རྒྱལ་བའི་འབྲས་བུ་མངོན་དུ་བྱེད་པས་རང་རྒྱལ་དང་། ཞེས་གསུངས་སོ། ། |
{{#arraymap:རང་རྒྱལ་
|; |@@@ | | }}