73231

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གདུལ་བྱ་རང་རྒྱལ་རིགས་ཅན་རྗེས་སུ་གཟུང་བའི་ཕྱིར་དུ་རང་རྒྱལ་གྱི་ལམ་ཡོངས་སུ་ཤེས་པའི་བྱང་སེམས་ཀྱི་མཁྱེན་པ་ཞིག་ལ་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཞེས་འཇོག མཚན་ཉིད་ནི། སེམས་བསྐྱེད་བསྔོ་བ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་གདུལ་བྱ་རང་རྒྱལ་རིགས་ཅན་རྗེས་སུ་བཟུང་བའི་ཆེད་དུ་ཤེས་པར་བྱ་བའི་ཤེེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་མཐོང་སྒོམ་མི་སློབ་ལམ་གསུམ། ས་མཚམས་ཐེག་ཆེན་མཐོང་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད། ཅེས་གསུངས་སོ། །རང་རྒྱལ་གྱི་ལམ་ཤེས་པར་བྱེད་ཚུལ་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས་ཀྱི་གཞུང་དོན་ནི། བྱང་སེམས་འཕགས་པ་ཆོས་ཅན། ཁྱོད་ཀྱིས་རང་རྒྱལ་གྱི་ལམ་ཤེས་པར་བྱེད་ཚུལ་ཡོད་དེ། ཁྱོད་ཀྱིས་དེ་སེམས་བསྐྱེད་བསྔོ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་གསུམ་གྱིས་ཟིན་པའི་སྒོ་ནས་ཤེས་པར་བྱེད་པའི་ཕྱིར། འདིར་བསྟན་ཤེས་བྱ་རང་རྒྱལ་གྱི་ལམ་ཆོས་ཅན། ཁྱད་པར་གསུམ་དང་ལྡན་ཏེ། རང་རྒྱལ་སློབ་པས་ཁྱོད་ཉམས་སུ་བླངས་པ་ལ་བརྟེན་ནས། རང་ལམ་དུ་གཟུགས་ཕྱི་རོལ་དོན་དུ་འཛིན་པའི་རྟོག་པ་ས་བོན་དང་བཅས་པ་སྤོང་ནུས། དེས་ཁྱོད་ཉམས་སུ་བླངས་ཀྱང་རང་ལམ་དུ་ཤེས་པ་བདེན་པར་འཛིན་པའི་བདེན་འཛིན་ས་བོན་དང་བཅས་པ་སྤོང་མི་ནུས། རང་གི་རྟེན་རིགས་ཀྱི་ཁྱད་པར་གསུམ་དང་ལྡན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་

|; |@@@ | | }}

རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ (2)
Part of speech མིང་ཚིག
Definition རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པར་དམིགས་པ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། དབྱེ་ན། ཐེག་ཆེན་གྱི་མཐོང་ལམ་གྱིས་བསྡུས་པའི་དེ། ཐེག་ཆེན་གྱི་སྒོམ་ལམ་གྱིས་བསྡུས་པའི་དེ། ཐེག་ཆེན་གྱི་མི་སློབ་ལམ་གྱིས་བསྡུས་པའི་དེ་དང་གསུམ་ད་ཡོད། ས་མཚམས་ནི། ཐེག་ཆེན་གྱི་མཐོང་ལམ་རྗེས་ཐོབ་ཡེ་ཤེས་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད་དོ། །

{{#arraymap:རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་

|; |@@@ | | }}

རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ (3)
Part of speech མིང་ཚིག
Definition མཚན་ཉིད་ནི། གདུལ་བྱ་རང་རྒྱལ་གྱི་རིགས་ཅན་རྗེས་སུ་གཟུང་བའི་ཆེད་དུ་རང་རྒྱལ་ལམ་གྱི་དམིགས་རྣམ་མི་དམིགས་པར་མངོན་སུམ་དུ་རྟོགས་པའི་བྱང་སེམས་འཕགས་པའི་མཁྱེན་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། རང་རྒྱལ་གྱི་ལམ་བདེན་པའི་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཐབས་ཤེས་ཟུང་འབྲེལ་གྱི་མཁྱེན་པ་དེ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད། མཚན་ཉིད་ཀྱི་ཟུར་དུ་བྱང་སེམས་ཀྱི་མངོན་རྟོགས་འབྱར་(སྦྱར་)བ་དེ། འདིར་དངོས་སུ་བསྟན་པའི་རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་མཚན་ཉིད་དོ། །ཞེས་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་གསུངས་སོ། །

{{#arraymap:རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་

|; |@@@ | | }}

རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ (4)
Part of speech མིང་ཚིག
Definition རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ལ་མཚན་ཉིད། མཚན་གཞི། དེའི་རྒྱུ་ངེས་བྱེད་ཆ་མཐུན་འཆད་པ་གསུམ་ལས། དང་པོ་ནི། རང་ཡུལ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་གང་ཞིག རང་རྒྱལ་གྱི་རྟོགས་རིགས་སུ་གནས་པ་དེ། དེའི་མཚན་ཉིད་ཡིན། གཉིས་པ་ནི། བྱང་འཕགས་ཀྱི་རྒྱུད་ཀྱི་གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་མཁྱེན་པ་དང༌། དེའི་རྒྱུད་ཀྱི་གཟུགས་ཤེས་པའི་བདག་ཉིད་དུ་མངོན་སུམ་དུ་རྟོགས་པའི་མཁྱེན་པ་གཉིས་རེ་རེ་ནས་དེའི་མཚན་གཞི་ཡིན། གསུམ་པ་ནི། རང་རྒྱལ་གྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་གྱི་མངོན་རྟོགས་དེ། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་ཀྱི་རྒྱུ་ངེས་བྱེད་ཆ་མཐུན་གྱི་མཚན་ཉིད་ཡིན། བྱང་སེམས་སྦྱོར་ལམ་པའི་རྒྱུད་ཀྱི་གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་མཁྱེན་པ་དེ། དེའི་མཚན་གཞི་ཡིན། དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་ཐེག་ཆེན་གྱི་སྦྱོར་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག་དང་བཞི་ཡོད།

{{#arraymap:རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས་

|; |@@@ | | }}