73248

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་པའི་རྒྱུ་མཚན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཐལ་འགྱུར་པ། རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པ་དེ། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཁས་ལེན་པ་ལ་ཐུག་པ་ཡིན་ཏེ། དེ་ཁས་ལེན་པ་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པ་ལ་ཐུག་པའི་ཕྱིར་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། རང་རྒྱུད་ཀྱི་གཏན་ཚིགས་འདོད་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་པ་ལ་ཐུག་པ་ཡིན་ཏེ། རྒོལ་བ་སྔ་ཕྱི་གཉིས་ཀས་ཤེས་འདོད་ཆོས་ཅན་ཚད་མས་གྲུབ་ཅིང༌། ཁྱད་པར་ཕྱི་རྒོལ་གྱིས་ཚད་མས་གྲུབ་པར་ཁས་བླངས་པའི་ཁས་བླངས་ལ་དཀྲིས་ཏེ་བཀོད་པའི་གཏན་ཚིགས་ལ་བརྟེན་ནས་རྗེས་དཔག་བསྐྱེད་མི་ནུས་པར། དེ་གཉིས་ཀྱིས་ཚད་མས་གྲུབ་ཚུལ་མཐུན་སྣང་བའི་གཏན་ཚིགས་ལ་བརྟེན་ནས་རྗེས་དཔག་བསྐྱེད་དགོས་པར་ཁས་བླངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་པའི་རྒྱུ་མཚན་

|; |@@@ | | }}