73263
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དཔེར་ན་སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་རྟགས་ཀྱི་ལོག་ཕྱོགས་བྱས་པ་མ་ཡིན་པ་བསྒྲུབ་བྱའི་ཆོས་སུ་བཟུང་བ་དང་། བསལ་བའི་ལོག་ཕྱོགས་མི་རྟག་པ་མ་ཡིན་པ་རྟགས་སུ་བཀོད་ན་རྟགས་ཡང་དག་མ་ཡིན་པ་ལྟ་བུ། ཐལ་འགྱུར་དེ་དང་དེས་དངོས་སུ་བསྟན་པའི་རྟགས་དེའི་ཟློག་ཕྱོགས་དེ་བསྒྲུབ་བྱའི་ཆོས་དང་བསལ་བ་དེའི་ཟློག་ཕྱོགས་རྟགས་སུ་བཀོད་ན་རང་རྒྱུད་ཀྱི་ཚུལ་གསུམ་ཡིན་པར་འཕེན་མི་ནུས་པའི་ཐལ་འགྱུར་ཡང་དག་ཅིག་ལ་རང་རྒྱུད་འཕེན་པའི་ཐལ་འགྱུར་ཡང་དག་ཅེས་བྱ་སྟེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། རང་ཉིད་ཀྱི་དངོས་བསྟན་ཟློག་པས་རང་རྒྱུད་ཀྱི་ཚུལ་གསུམ་འཕེན་མི་ནུས་པའི་ཐལ་ངག་རྣམ་དག་དེ། རང་རྒྱུད་འཕེན་མི་ནུས་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། ཅེས་གསུངས། |
Domain | ཚད་མ། |
{{#arraymap:རང་རྒྱུད་མི་འཕེན་པའི་ཐལ་འགྱུར་ཡང་དག་
|; |@@@ | | }}