73268

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྒྱུད་རང་གིས་ཉེས་པ་ཁས་བླངས་ཚུལ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། (ཆོས་ཅན་དང་གཏན་ཚིགས་ལ་)ཇི་སྐད་བཤད་པའི་ཉེས་པ་འདི་དག་ལེགས་ལྡན་འབྱེད་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དེ་དངོས་སྨྲ་བས་ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པའི་རྒྱུ་ལ་སོགས་པ་ནི། ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །ཞེས་བཀོད་པའི་སྒྲུབ་བྱེད་འདི་ལ་ལེགས་ལྡན་འབྱེད་ཀྱིས་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་དུ་འདོད་པ་གང་ཡིན། དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་རམ། དོན་དམ་པ་གསུངས་པའི་ཕྱིར་ཞེས་འགོད། དང་པོ་ལྟར་ན་རང་ལ་མ་གྲུབ་ལ། གཉིས་པ་ལྟར་ན་དབུ་མ་པ་ལ་མ་གྲུབ་པས་གཏན་ཚིགས་མ་གྲུབ་པའི་དོན་ཉིད་དང་། འགལ་བའི་དོན་ཉིད་དོ་ཞེས་སྐྱོན་སྨྲས་པ་ཡིན་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:རང་རྒྱུད་རང་གིས་ཉེས་པ་ཁས་བླངས་ཚུལ་

|; |@@@ | | }}