73274

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་རྟེན་ཆོས་ཅན་ (1)
Part of speech མིང་ཚིག
Definition སྦྱོར་བ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་ཞིག་བཟུང་བའི་རྟགས་ལ་གཞི་མ་གྲུབ་པ་ཆོས་ཅན་དུ་བཟུང་ཡང་དེའི་དོན་སྤྱི་དེ་རྟགས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་དུ་སོང་བའི་སྒོ་ནས་ཕྱོགས་ཆོས་ངེས་པའི་རྟེན་དུ་གྱུར་བའི་ཆོས་ཅན་དུ་གང་བཟུང་བ་དེའི་དོན་སྤྱི་དེ་ལ་རང་རྟེན་ཆོས་ཅན་ཞེས་བྱ་སྟེ། དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། ཁོ་ན་རེ། སྒྲའི་དོན་སྤྱི་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པར་ཐལ། བ་གླང་གི་སྤྱི་རྟག་དངོས་ཀྱི་དོན་སྤྱི་དེ་ཆ་བཅས་ཀྱི་དངོས་པོ་མ་ཡིན་པའི་རྟགས་ཀྱིས་བ་གླང་གི་སྤྱི་རྟག་དངོས་རང་གི་གསལ་བ་དུ་མ་ལ་དོན་དམ་པར་འཕྲོད་འདུ་མ་འབྲེལ་བར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་དམ་བཅའ་དེ་འཐད་པའི་ཕྱིར། ཟེར་ན། མི་མཚུངས་པར་གཞན་སེལ་ཆེན་མོར་གསུངས་སོ། །ཞེས་གསུངས་པ་དང། དགའ་བྱང་ཡིག་ཆ་ཡོངས་འཛིན་བསྡུས་གྲྭ་ལས། འདི་ལ་བཞེད་པ་མི་མཐུན་པ་ཡོད་ཀྱང་རྒྱལ་ཚབ་རིན་པོ་ཆེས་ནི། སྒྲུབ་རྟགས་ལ་གཞི་མ་གྲུབ་པ་རྩོད་གཞིར་བཟུང་བའི་རྟགས་ཡང་དག་མེད་ཀྱང། དགག་རྟགས་ལ་དེ་ཡོད་པར་བཤད་པས་དཔྱད་རྒྱུ་མང་ཡང་བཞག་གོ ། ཞེས་གསུངས་པ་ལྟར་རྗེ་བཙུན་ཡིག་ཆ་ལས་གསུངས། འོན་ཀྱང་ཚད་མ་རིགས་རྒྱན་དང་རྣམ་ངེས་དར་ཊཱིཀ་ལས་གཞི་མ་གྲུབ་ཆོས་ཅན་དུ་བཟུང་བའི་སྒྲུབ་རྟགས་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་གསུངས་ནས་དེ་དེ་སྒྲུབ་ཀྱི་རང་རྟེན་ཆོས་ཅན་དུ་གསུངས་སོ། །
Domain ཚད་མ།

{{#arraymap:རང་རྟེན་ཆོས་ཅན་

|; |@@@ | | }}