73279

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་ལ་རང་གིས་གཞན་བསྐུལ་བཏབ་པའི་ཡན་ལག་བདུན་ (1)
Part of speech མིང་ཚིག
Definition ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་ལས་བྱུང་བ་སྟེ། མིའི་ལུས་ཐོབ་པ་དང་སངས་རྒྱས་ཀྱི་ཆོས་སྤྱོད་ཅིང་སྒྲུབ་པ་ནི་དཀོན་ནོ་སྙམ་པ། དེ་ལྟ་བུའི་སྒྲུབ་པ་ནི་དོན་ཆེན་པོ་དང་ལྡན་པ་ཡིན་ནོ་སྙམ་པ། འཇིག་རྟེན་གྱི་བྱ་བ་བྱེད་པ་རྣམས་ནི་ངེས་པར་དོན་མེད་པར་ཤེས་པར་བྱ་བ། གཞན་གྱི་སྡུག་བསྔལ་རང་གི་གཉེན་པོར་བསྟེན་པར་ཤེས་པར་བྱ་བ། ང་ནི་རྟག་ཏུ་བདུད་ཀྱི་སྤར་བ་ན་འདུག་སྟེ་མྱུར་དུ་འཆིའོ་ཞེས་རྒྱུན་དུ་བསམ་པ། བསགས་པ་ཐམས་ཅད་ནི་ངེས་པར་བསྡུས་པར་ཤེས་པར་བྱ་བ། རང་གི་གཉེར་མ་དང་སྐྲ་དཀར་ལ་སོགས་པ་ལ་རྟག་ཏུ་བརྟག་ཅིང་སྐྱོ་བར་བྱ་བའོ། །
Domain ཆོས་ལུགས།

{{#arraymap:རང་ལ་རང་གིས་གཞན་བསྐུལ་བཏབ་པའི་ཡན་ལག་བདུན་

|; |@@@ | | }}