73286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་ལུས་དང་འབྲེལ་བའི་སྤྲུལ་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རང་ལུས་ལ་མངོན་དུ་གྱུར་པའི་སྒྲ་མ་གཏོགས་པའི་གཟུགས་སོགས་ཕྱིའི་སྐྱེ་མཆེད་བཞི་པོ་གང་རུང་སྤྲུལ་གཞིར་བྱས་ནས་ཕྱིའི་སྐྱེ་མཆེད་དེ་དང་དེར་བསྒྱུར་པ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། སྐབས་འདིར་རང་གཞན་གྱི་ལུས་དང་འབྲེལ་བའི་སྤྲུལ་པ་ཞེས་བྱ་བའི་དོན་ཡང༌། སྤྱིར་རང་རྒྱུད་ཀྱིས་བསྡུས་པའི་གཟུགས་སོགས་སྤྲུལ་གཞིར་བྱས་ནས་རང་སའི་སྐྱེ་མཆེད་གང་སྤྲུལ་ཀྱང་དེ་དག་ལ་རང་ལུས་དང་འབྲེལ་བའི་སྤྲུལ་པ་ཞེས་བྱ་ཞིང༌། རང་རྒྱུད་ཀྱིས་མ་བསྡུས་པའི་གཟུགས་སོགས་སྤྲུལ་གཞིར་བྱས་ནས་རང་སའི་སྐྱེ་མཆེད་གང་སྤྲུལ་ཀྱང་དེ་དག་ལ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་ཞེས་བྱ་ལ། དམིགས་བསལ་རང་དང་ས་མི་མཚུངས་པའི་རང་གཞན་གྱི་ལུས་དང་འབྲེལ་བའི་སྤྲུལ་པ་ཞིག་སྤྲུལ་ན་རང་ལུས་ལས་མི་མཚུངས་པའི་རེག་བྱ་གཞན་ཞིག་མངོན་དུ་གྱུར་ནས་དེ་སྤྲུལ་གཞིར་བྱས་ཏེ་ས་གཞན་གྱི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་ལ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། རང་ལུས་ལ་མངོན་དུ་མ་གྱུར་པའི་ས་གཞན་གྱི་གཟུགས་སོགས་སྤྲུལ་གཞིར་བྱས་ནས་ས་གཞན་གྱི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་ལ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་ཞེས་བྱ་བ་ཡིན་ནོ། །དེས་ན་གཟུགས་ཀྱི་རྟེན་ཅན་གྱིས་རང་ལུས་ལ་འདོད་པའི་རེག་བྱ་ཞིག་མངོན་དུ་གྱུར་ནས་དེས་སྤྲུལ་གཞིར་བྱས་ན་དྲི་རོ་སོགས་ཀྱང་ལྡན་པར་མི་འགྱུར་ཏེ། ས་སོ་སོའི་སྲེད་པས་མཚམས་གཅོད་པའི་ཕྱིར། དེས་འདོད་པ་བས་རང་ལུས་དང་འབྲེལ་བར་གོང་སའི་གཟུགས་རེག་སོགས་སྤྲུལ་པ་ལ་ཡང་མཚུངས་སོ། །ཞེས་དང་། དེ་འདྲའི་རེག་བྱ་དེ་ཡང་དེ་འདྲའི་ལུས་ལ་མངོན་དུ་གྱུར་པའི་ཆ་ནས་དེ་དང་འབྲེལ་བར་འཇོག་པ་ལས་དེ་དང་ཚོགས་པ་གཅིག་ཏུ་འབྲེལ་བའི་དོན་མ་ཡིན་ཏེ། ས་གཞན་གྱི་རེག་བྱས་གཞན་གྱི་ལུས་དང་ཚོགས་པ་གཅིག་ཏུ་འདུ་བ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རང་ལུས་དང་འབྲེལ་བའི་སྤྲུལ་པ་

|; |@@@ | | }}