73306
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྲིད་པ་ཐ་མའི་ཚེ་སློབ་དཔོན་ལ་མ་ལྟོས་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་བརྟགས་ནས་གང་ཟག་བདག་གི་མེད་དང་ཆོས་ཀྱི་བདག་མེད་ཕྱེད་ཙམ་རྟོགས་ཏེ་རང་བྱང་ཆུབ་མངོན་དུ་བརྙེས་པའི་དགྲ་བཅོམ་པ། རང་སངས་རྒྱས་རྣམས་ནི་དུས་གཅིག་ཏུ་འབྱུང་བར་མ་ངེས་ཏེ། བསྐལ་པ་ཡར་འཕེལ་མར་འགྲིབ་གཉིས་ཀའི་དུས་སུ་འགྱུར་བའི་ཕྱིར། བསེ་རུ་ལྟ་བུའི་རང་སངས་རྒྱས་ནི་བསེ་རུ་ལྟ་བུར་གཅིག་པུར་བཞུགས་ལ་རྒྱུ་ནི་བསྐལ་ཆེན་བརྒྱར་བྱང་ཆུབ་ཀྱི་ཚོགས་སྤྱད་པ་ལས་འགྲུབ་བོ། སེའི་དངོས་གཞི་ལས། དེས་སྔོན་རང་གི་ཚེ་དེ་ལ་བྱང་ཆུབ་མི་ཐོབ་པར་མཐོང་ནས་ཕྱི་མར་སངས་རྒྱས་དང་ཉན་ཐོས་མེད་པའི་ཞིང་དུ་སྐྱེས་ནས་རང་གི་བྱང་ཆུབ་མངོན་དུ་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་ལྟར་འགྲུབ་པ་ཡིན་ནོ། །ཞེས་གསུངས། |
Domain | ཆོས་ལུགས། |
Synonyms | རང་སངས་རྒྱས། པྲཏྱེཀ་བུདྡྷཿ། རང་རྒྱལ། རྐྱེན་གཅིག་རྟོགས། གཅིག་པུར་སྤྱོད། རྟེན་འབྲེལ་སྒོམ། ཐེག་འབྲིང་སྐྱེས་བུ། དེ་ཉིད་རྟོགས་འབྲིང་། རང་བྱང་ཆུབ། རང་ཞི་དོན་གཉེར། བསེ་རུའི་རྒྱལ་བ། སངས་རྒྱས་འབྲིང་བོ། ཉི་ཚེ་སངས་རྒྱས། ཞི་བ་འཚོལ། |
{{#arraymap:རང་སངས་རྒྱས་
|; |@@@ | | }}