From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རང་སངས་རྒྱས་གཉིས་ (1)
| Part of speech
|
མིང་ཚིག
|
| Definition
|
དཔལ་བརྩེགས་ཆོས་ཀྱི་རྣམ་གྲངས་ཀྱི་བརྗེད་བྱང་ལས་བྱུང་བ་སྟེ། ༡ བསེ་རུ་ལྟར་གཅིག་ཏུ་གནས་པ། ༢ ཚོགས་དང་སྤྱོད་པའོ། །དེ་ཡང་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་ཆོས་ཀྱི་རྗེས་མཐུན་པའི་ཆོས་གྲུབ་པས་སངས་རྒྱས་འབྱུང་བ་མེད་པའི་འཇིག་རྟེན་གྱི་ཁམས་སུ་སྡུག་བསྔལ་མཐར་ཕྱིན་པའོ། །
|
| Domain
|
ཆོས་ལུགས།
|
རང་སངས་རྒྱས་གཉིས་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་མངོན་པའི་མཛོད་ཀྱི་བཤད་པ་མཛོད་གནས་གསུམ་པ་ལས་བྱུང་བ་སྟེ། ༡ ཚོགས་ཤིང་སྤྱོད་པ་ནི། ཉན་ཐོས་ཀྱི་རིགས་སུ་གྱུར་པ་སྔོན་དུ་འགྲོ་བའི་རང་རྒྱལ་བ་རྣམས་ཞེས་བྱའོ། ། ༢ བསེ་རུ་ལྟ་བུ་ནི། བསེ་རུ་བསྐལ་བ་བརྒྱའི་རྒྱུས་བསྐལ་བ་ཆེན་པོ་བརྒྱར་བྱང་ཆུབ་ཀྱི་ཚོགས་དག་ལ་སྤྱོད་པས་བསེ་རུ་ལྟ་བུར་འགྱུར་བ་ཞེས་བྱའོ། །
|