73350
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། ཐུན་མོང་གི་མཚན་ཉིད་ནི། གཞི་གང་ཟག་གི་དང་། བཟུང་བ་ཆོས་ཀྱི་བདག་གི་སྐྱེ་མེད་གང་རུང་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་སྲས་ཐེག་དམན་འཕགས་པ་སྐྱེད་པར་བྱེད་པའི་རིགས་སུ་གནས་པའི་སློབ་པའི་མཁྱེན་པའོ། །ཞེས་དང། རིགས་གནས་སྨོས་པས་ནི་རང་གི་རྒྱུན་འགག་ཁ་མའི་བདག་མེད་རྟོགས་པའི་ཐེག་དམན་གྱི་ཚོགས་སྦྱོར་མཐོང་བསྒོམ་བཞི་པོ་དང་རང་གི་རྒྱུན་འགག་ཁ་མའི་ཐེག་ཆེན་གྱི་ཚོགས་ལམ་རྣམས་སྐྱེད་བྱེད་ཀྱི་ཡུམ་དུ་སྡུད་པའི་ཆེད་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་རྒྱན་གྱི་བཀའ་འགྲེལ་དགོངས་དོན་རབ་གསལ་ལས་སོ། ། |
| Domain | ཆོས་ལུགས། |