73351

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་སྲས་བྱང་སེམས་འཕགས་པ་སྐྱེད་བྱེད་ཀྱི་ཡུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ལམ་འཛིན་པ་ཆོས་ཀྱི་བདག་གི་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་བྱང་སེམས་འཕགས་པ་སྐྱེ་བྱེད་ཀྱི་མཁྱེན་པ། དབྱེ་ན། ལམ་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང། མངོན་སུམ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས། དང་པོ་ནི། ཐེག་ཆེན་གྱི་ཚོགས་སྦྱོར་ན་ཡོད། གཉིས་པ་ས་དང་པོ་ནས་རྒྱུན་མཐའི་སྔ་ལོགས་ཀྱི་བར་ན་ཡོད། ཉན་རང་ཐེག་ཆེན་ལམ་དུ་འཇུག་ཁ་མ་དང། བྱང་སེམས་ཀྱི་རྒྱུན་མཐའི་གནས་སྐབས་སུ་དེ་དང་དེའི་སྐྱེད་བྱེད་ཀྱི་ཡུམ་མེད་དེ། དེའི་སྐད་ཅིག་ཕྱི་ལོག་ནས་དེ་དང་དེའི་འཕགས་པ་མི་འབྱུང་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།