73352

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རང་སྲས་རང་རྒྱལ་འཕགས་པ་སྐྱེད་བྱེད་ཀྱི་ཡུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། གཞི་བཟུང་བ་ཆོས་ཀྱི་བདག་གི་སྐྱེ་མེད་དུ་རྟོགས་པའི་སྒོ་ནས་རང་གི་རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པའི་རང་རྒྱལ་འཕགས་པ་སྐྱེད་བྱེད་ཀྱི་མཁྱེན་པ། དབྱེ་ན། གཞི་བཟུང་བ་བདག་གི་སྐྱེ་མེད་དུ་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང། མངོན་སུམ་རྟོགས་པའི་སྐྱེད་བྱེད་ཀྱི་ཡུམ་གཉིས་ལས། སྔ་མ་ནི་རང་རྒྱལ་གྱི་ཚོགས་སྦྱོར་ན་ཡོད། ཕྱི་མ་ནི་རང་རྒྱལ་གྱི་མཐོང་ལམ་ནས་ཐེག་ཆེན་ལམ་དུ་འཇུག་ཁའི་སྔ་ལོགས་ན་ཡོད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།