73367
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྟག་ལུང་པའི་གདན་རབས་བརྒྱད་པ། རབ་བྱུང་ལྔ་པའི་ལྕགས་བྱི་ཕྱི་ལོ་ ༡༣༠༠ ཐམ་པའི་ལོར ། མདོ་ཁམས་གཡང་ཤོད་བོང་ར་སྟེང་དུ་ཡབ་གྭ་ཟི་ཐུགས་རྗེ་སྐྱབས་དང་། ཡུམ་གཟུང་ལྕམས་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཐང་སྐྱ་དགོན་དུ་མཁན་པོ་པུ་ན་ཡྷ་ཛྙ་ན་དང་ལས་ཀྱི་སློབ་དཔོན་བུ་དྷ་བྷ་དྲས་མཛད་དེ་བར་མ་རབ་བྱུང་སྔོན་སོང་གི་སྒོ་ནས་དགེ་ཚུལ་གྱི་དངོས་པོ་ལེགས་པར་བཞེས། དབུས་སུ་ཕེབས་ནས་སྟག་ལུང་དུ་གཅེན་རཏྣ་གུ་རུའི་དྲུང་དུ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་གདམ་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན། མཁན་པོ་ཤེས་རབ་ཆོས་མགོན་དང་སློབ་དཔོན་བསོད་ནམས་དབང་ཕྱུག།། གསང་སྟོན་སློབ་དཔོན་སོགས་དགེ་འདུན་གྲངས་ཚང་གི་དབུས་སུ་ཚིགས་ཕྱི་མ་བསྙེན་པར་རྫོགས། ས་སྐྱར་ཕེབས་ཏེ་བདག་ཉིད་ཆེན་པོ་བཟང་པོའི་དཔལ་དང་། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཇོ་ནང་པ་བྱང་སེམས་རྒྱལ་བ་ཡེ་ཤེས་སོགས་ལས་སོ་སོའི་བཞེད་གཞུང་དང་དབང་ལུང་ཁྲིད་སོགས་རྒྱ་ཆེར་མནོས། ས་ཡོས་༡༣༣༩་ལོར་སྟག་ལུང་པའི་གདན་སའི་ཁྲི་ལ་འཁོད། གདན་སར་འདུལ་མདོ་མངོན་པ་དབུ་མ་སོགས་དང་། དུས་འཁོར་ཀྱཻ་རྡོར་ཆོས་དྲུག་སྦྱོར་དྲུག་སོགས་ཀྱི་བཤད་རྒྱུན་དང་ཁྲིད་གསོལ་མང་པོ་བཙུགས། གོང་མ་ཐི་ཀན་མུས་རྒྱལ་པོའི་བླ་མ་རྒྱལ་ཁམས་མ་ལུས་པའི་མཆོད་གནས་འཇའ་ས་སོགས་གསེར་ཡིག་པའི་བརྒྱུད་འཕུལ་འབྱོར་བྱུང་བར། ཆོས་དང་ཟང་ཟིང་གི་སྐྱེས་ལན་བསྩལ། བགྲངས་བྱ་ཉེར་གཉིས་རིང་། བཤད་སྒྲུབ་ཟུང་འབྲེལ་གྱིས་སྒོ་ནས་ཚོགས་པར་ལེགས་པར་བསྐྱངས་ཏེ། མཐར་རབ་བྱུང་དྲུག་པའི་ལྩགས་གླང་ཕྱི་ལོ་ ༡༣༦༡ ལོར་སྐུ་གཤེགས། ཀུན་སྤངས་ནམ་མཁའ་དཔལ་དབྱངས་དང་། དབོན་ཀ་དྲུག་ལོ་ཙཱ་བ་རིན་ཆེན་རྒྱལ་མཚན་སོགས་འགྲོ་ལ་ཕན་པའི་བུ་སློབ་ཀྱང་མང་དུ་བྱོན། |