73369

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རཏྣ་ཀཱིརྟི་ (1)
Part of speech མིང་ཚིག
Definition ཚེས་བཅུ་སྐུ་ཕྲེང་དང་པོ་རཏྣ་ཀཱིརྟི་འམ་བོད་སྐད་དུ་རིན་ཆེན་གྲགས་པ་ཞེས་པ་ནི། རྡོའི་སྨད་ཀྱི་ཆར་གཏོགས་དར་སྐུ་འབྱོར་འགོས་ཐང་དུ་སྐུ་འཁྲུངས། སྐུ་ནར་སོན་པ་དང་དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཕེབས་ནས་དྲུང་དཀའ་བཞི་པ་རིན་ཆེན་དཔལ་མཆོག་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཟབ་བཀའ་དབང་ལུང་མན་ངག་བཤད་ཁྲིད་ཞིབ་རྒྱས་ལེགས་གསན་མཛད། རྗེ་འདི་ཉིད་ཀྱི་རྗེས་སུ་བཟུང་མཁན་ཆོས་རྗེ་དཔལ་འབྱོར་བཟང་པོ་སོགས་ཐུགས་སྲས་མང་བར་མཆིས། ཉིད་ཀྱིས་གསུང་རབ་ཀྱི་རྩོམ་ཆོས་ལེགས་གནང་མཛད་པའང་དྲུང་དཀའ་བཞི་པའི་རྣམ་ཐར་དང་། དུས་ཀྱི་འཁོར་ལོའི་ཆོ་ག་སོགས་གསང་ཆེན་ངེས་པའི་དོན་ལ་ཉེར་མཁོའི་ཡིག་ཆའང་ཅི་རིགས་ལེགས་འཇོག་མཛད། རྗེ་འདི་ཉིད་ཀྱི་གདུང་རྟེན་དེ་བཞིན་དེང་གི་དུས་སུའང་མཇལ་རྒྱུ་ཡོད་པ་དེ་ཡིན། དེང་སང་ཚེས་བཅུ་སྟོད་ཀྱི་ཕོ་བྲང་གི་གཞི་མ་ནི་རཏྣ་ཀཱིརྟིས་བསྙེན་སྒྲུབ་མཛད་གནས་ཀྱི་སྒྲུབ་ཁང་དེ་ཡིན་ཞིང་། དེར་ལོ་བསྟར་གྱི་ཨུ་རྒྱན་རིན་པོ་ཆེ་དངོས་སུ་བྱོན་པའི་ཡར་ངོས་ཚེས་བཅུ་བྱུང་ངོ་ཅོག་ལ་དགེ་འདུན་མང་ཚོགས་ཀྱི་དྲུང་དུ་སྤོས་དང་མར་མེ་ཚོགས་མཆོད་རྒྱུན་ཇ་ཞལ་འདེབས་ཀྱི་མཆོད་སྟོན་བཙུགས་པའི་སྦྱིན་བདག་མཛད་པའི་ཚེས་བཅུ་སང་ཞེས་མིང་དུ་ཆགས་སོ། །