73377
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། རཏྣ་གླིང་པའི་ལུགས་ཐུགས་དམ་ནང་གི་གཏོར་མའི་རིམ་པ། ཞེས་བྱ་བ་སྟེ། གཏེར་ཆེན་རཏྣ་གླིང་པའམ་རིན་ཆེན་དཔལ་བཟང་པོས་གླང་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་ཉིན་དབེན་གནས་ཤུགས་ར་སྟོང་གི་དགོན་པར་མཛད། འདིའི་ནང་དོན་ལ། གཏོར་མ་བྱིན་གྱིས་བརླབ་པ་དང། མགྲོན་སྤྱན་དྲངས་བ། གཏོར་མ་འབུལ་བ། འདོད་དོན་གསོལ་ཅིང་འཕྲིན་བཅོལ་བ་དང་། མཐར་སྨོན་ལམ་བཀྲ་ཤིས་བྱ་བ་བཅས་དོན་རྣམ་པ་ལྔའི་སྒོ་ནས་གཏེར་ཆེན་རཏྣ་གླིང་པ་རང་དང་། རྗེས་འཇུག་རྣམས་ཀྱི་ཕྱི་ནང་བར་ཆད་མ་ལུས་ཞི་བ་དང་། ཕྲིན་ལས་བསྒྲུབས་ཤིང་དངོས་གྲུབ་ཐོབ་པར་འདོད་པའི་རེ་བ་འགྲུབ་པའི་ཕྱིར་རྩ་གསུམ་བཀའ་སྲུང་དང་བཅས་པ་རྣམས་ལུས་དང་གྲིབ་མ་བཞིན་དུ་འགྲོག་པར་བྱེད་པའི་ཐབས་ནང་གི་གཏོར་མའི་ཆོ་གའི་རིམ་པ་བསྟན་ནོ། ། |