73405

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རདྣ་གུ་རུ་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བདུན་པ། ཕྱི་ལོ་༡༢༨༨་ལོར ། མདོ་ཁམས་གཡང་ཤོད་དུ་སྐུ་འཁྲུངས། ཐང་སྐྱའི་ཆོས་གྲྭ་ནས་མཁན་ཆེན་བསོད་ནམས་ཡེ་ཤེས་དང་། སློབ་དཔོན་སངས་རྒྱས་བཟང་པོའི་དྲུང་དུ་དགེ་ཚུལ་གྱི་དངོས་པོ་བཞེས། དགུང་གྲངས་བཅུ་དགུ་པ་ལ་དབུས་སུ་ཕེབས་ཤིང་། སྟག་ལུང་ན་སངས་རྒྱལ་དཔལ་བཟང་དང་ས་སྐྱ་ན་བདག་ཉིད་ཆེན་པོ་བཟང་པོའི་དཔལ་གཉིས་ཀྱི་དྲུང་ནས་གདམ་ངག་ཐོས་བསམ་རྒྱ་ཆེར་མཛད། ཀུན་སྤངས་པས་མཁན་པོ་དང་བསྟན་པའི་རྒྱལ་མཚན་གྱིས་སློབ་དཔོན། ཀུན་མཁྱེན་ཡོན་ཏན་རྒྱ་མཚོས་གསང་སྟོན་མཛད་དེ་དཔལ་ས་སྐྱའི་ཆོས་གྲྭ་ཉིད་དུ་བསྙེན་པར་རྫོགས། སྤྱི་ལོ་༡༣༠༩་ལོར་གདན་སའི་ཁྲིད་ལ་བཀོད། རྗེ་མི་ལའི་འདས་མཆོད་དུ་ཆེན་ཏེ། ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞིའི་དགོང་མོར་འཐེན་པའི་སྟག་ལུང་པའི་མགུར་ཆེན་ཞེས་པ་སྲོལ་བཏོད། རྟེན་གསུམ་ལྷ་ཁང་ཡང་དུ་མ་བསྐྲུན་པར་མཛད་ཅིང་། བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་ཚོགས་པ་བགྲངས་བྱ་སུམ་བཅུའི་རིང་བསྐྱངས། མཐར་ཕྱི་ལོ་ ༡༣༣༩ ལོར་མཆོག་སྤྲུལ་རཏྣ་ཀ་ར་ལ་དཔེ་མཛོད་ཀྱི་ལྡེ་མིག་གཏད་དེ་སྐུ་གཤེགས། ར་སྒྲེང་དང་གླང་ཐང་སོགས་དགོན་ཆེན་བཅུ་གསུམ་གྱི་གདན་ས་མཛད་པོ། སྟག་ལུང་ལོ་ཙཱ་བ་ཤཀྱ་བཟང་པོ་དང་། མཚམས་བླ་འོོལ་པ་དགེ་འདུན་རིན་ཆེན། མཁས་པ་འཇམ་གྲགས་པ་སོགས་བུ་སློབ་ཀྱང་མང་དུ་བྱོན།

{{#arraymap:རདྣ་གུ་རུ་

|; |@@@ | | }}