73464
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། མཉན་ཡོད་དུ་ཕ་བུ་གཉིས་རབ་བྱུང་བྱས་པའི་བུ་དེ་ལ་འཁུར་བ་མི་སྟེར་བ་ལ་ངུས་པས་དང་པོ་ལོ་བཅོ་ལྔ་མ་ལོན་པ་ལ་རབ་ཏུ་མི་འབྱུང་བ་བཅས་པ་ལས། ཕྱིས་མཉན་ཡོད་དུ་འཕགས་སྐྱེས་པོས་ཤཱཀྱ་པ་རྣམས་བསད་པས། ཀུན་དགའ་བོའི་ཚ་བོ་གཉིས་ཀྱི་ཕ་མ་གཉིས་ཀྱང་བསད་པས་དེ་གཉིས་བསྐྱང་དཀའ་བ་ལ་བརྟེན་ནས། བྱ་རོག་སྐྲོད་ནུས་ན་ཕྱུང་ཞེས་གནང་ནས། གང་གི་ཕྱིར་ན་ལོ་བདུན་ལོན་པ་འདི་ནི་བྱ་རོག་སྐྲོད་ནུས་པར་གྱུར་པ་དེ་ལྟ་ན་ཡང་བསྟན་པ་ལ་རབ་ཏུ་འབྱུང་བ་ཐུགས་རྗེའི་བདག་ཉིད་ཅན་གྱི་རྗེས་སུ་གནང་ངོ་། ཀུན་མཁྱེན་རོང་སྟོན་གྱི་འདུལ་ཕྲེང་རྣམ་འགྲེལ་ལས་སོ། ། |
| Domain | ཆོས་ལུགས། |