73467
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ༡ སོ་སོའི་སྐྱེ་བོ་ཡིན་ལ་སོ་སོའི་སྐྱེ་བོའི་ས་ལས་མ་འདས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་ཆོས་ཅན་ལན་ལྔར་བསྒྱུར་བ་ཡང་དག་པར་མི་ཤེས་པ། ༢ སོ་སོའི་སྐྱེ་བོར་གྱུར་པ་འདོད་པ་རྣམས་ལ་ཉེས་དམིགས་ཆེན་པོར་མ་མཐོང་བ། ༣ རྒྱུ་ཞིང་འགྲོ་བ་དང་གནས་ཤིང་འདུག་པ་ན་བག་མེད་པར་བྱེད་དེ་ཆགས་པར་འགྱུར་བའི་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་མཚན་མ་འཛིན་པར་བྱེད་པ། ༤ དྲན་པ་མི་གནས་པའི་ཕྱིར་དགེ་བའི་ཕྱོགས་ཀྱི་ཚེར་མ་ལྟ་བུའི་རྟོགས་པ་རྣམས་ལ་ཚུལ་བཞིན་མ་ཡིན་པར་རྟོག་པ། ༥ སྙིང་སྟོབས་ཅན་མ་ཡིན་ཏེ། དེ་རྒྱལ་པོའམ་དབང་ཡོད་པ་འགའ་ཞིག་གིས་བཀུག་ན་འཇིགས་པས་འགྲོ་བ། ༦ སྲེད་པའི་ངང་ཅན་ཉེ་དུ་ལ་ལྟ་བ་ཡིན་ཏེ། དེ་བོས་ན་སྲེད་པས་འགྲོ་བ་དང་ཆགས་པར་འགྱུར་བ། ༧ ཞེ་སྡང་བར་འགྱུར་བ་དང༌། གཏི་མུག་པར་འགྱུར་བའི་ཡུལ་ལ་ཉོན་མོངས་པའི་ཀུན་ནས་དཀྲིས་པ་དྲག་པོ་སྐྱེད་པར་བྱེད་པ་དང༌། སེམས་ཀྱི་རྒྱུད་དེ་ལ་རྗེས་སུ་འབྲེལ་བ་དང་དམའ་བ་ལ་མོས་པའོ། ། |
| Domain | ཆོས་ལུགས། |