73470
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་མདོའི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ༡ དཀྱིལ་འཁོར་བའི་མཚམས། མཚམས་ཆེན་པོ། མཚམས་བུ་ཆུང་བཅད་པ། ༢ ཆོས་གོས་དང་མི་འབྲལ་བའི་གནང་བ་སྦྱིན་པ། ༣ མྱོས་པའི་གནང་བ་སྦྱིན་པ། ༤ སྣམ་སྦྱར་དང་མི་འབྲལ་བའི་གནང་བ་སྦྱིན་པ། ༥ སྟན་གྱི་གནང་བ་སྦྱིན་པ། ༦ ཕྱག་མི་བྱ་བའི་སྡོམ་པ་སྦྱིན་པ། ༧ འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་པ། ༨ འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ། ༩ འཁར་བའི་གནང་བ་སྦྱིན་པ། ༡༠ དྲ་བའི་གནང་བ་སྦྱིན་པ། ༡༡ རྙེད་པ་གཅིག་ཏུ་བྱ་བའི་གནང་བ་སྦྱིན་པ། ༡༢ བསླབ་པའི་སྡོམ་པ་སྦྱིན་པ། ༡༣ ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ། ༡༤ བུ་དང་ལྷན་ཅིག་ཉལ་བའི་གནང་བ་སྦྱིན་པ། ༡༥ ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པ་གནང་བ་སྦྱིན་པ། ༡༦ མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བའི་གནང་བ་སྦྱིན་པ་བཅས་སོ། ། |
| Domain | ཆོས་ལུགས། |