73472
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེའི་སྣང་བའི་རྒྱན་ལས་བྱུང་བ་སྟེ། དགེ་སློང་། དགེ་སློང་མ། དགེ་ཚུལ་ཕ། དགེ་ཚུལ་མའི་སྡོམ་པ་ལ་བརྟེན་ནས་དོན་བྱེད་པ་ནི་དགེ་སྦྱོང་ངོ་། ཁྱིམ་པའི་རྟགས་སྐྲ་དང་ཁ་སྤུ་མ་བྲེགས་ཤིང་གོས་དཀར་པོ་གྱོན་བཞིན་དུ་ཚངས་པར་སྤྱོད་པ་ལ་སོགས་པའི་སྒོ་ནས་དོན་བྱེད་པ་ནི་བྲམ་ཟེའོ། །ཡང་ཆོས་འདི་པའི་ཆ་བྱད་ཅན་ནི་དགེ་སྦྱོང་ངོ་། །ཕྱི་རོལ་པའི་ཆ་བྱད་ཅན་བྲམ་ཟེའོ། ། |
| Domain | ཆོས་ལུགས། |