73484

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ཏུ་བྱུང་བའི་བསླབ་པ་ལ་སློབ་པའི་ཆོས་ལྔ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་མི་ལྟ་བར་དངོས་པོ་ཐམས་ཅད་ཡོངས་སུ་གཏོང་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་ལྡན་པས་རྣམ་པར་སྨིན་པ་ལ་རེ་བ་མེད་པ། ༢ བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་ཚངས་པར་སྤྱོད་ཅིང་གཙང་བ་ཡིན་ཏེ། ཡིད་ཀྱི་དགུ་ལ་ཡང་འདོད་པ་མི་སྤྱོད་ན་མཚན་གཉིས་སྤྲོད་པའམ། ཡན་ལག་མ་ཡིན་པར་འཇུག་པ་ལྟ་ཅི་སྨོས་པ། ༣ བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་སྟོང་པར་ཞུགས་ནས་ཐབས་ཀྱིས་མངོན་པར་བསྒྲུབས་པ་བསམ་གཏན་བཞི་པོ་དག་ལ་སྙོམས་པར་འཇུག་པ། ༤ བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་སེམས་ཅན་ཐམས་ཅད་བདེ་བར་བྱེད་པ་ལ་བརྩོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ངེས་པར་འབྱུང་བར་བརྩོན་འགྲུས་རྩོམ་པ། ༥ བྱང་ཆུབ་སེམས་དཔའ་ཁྱིམ་པ་ཁྱིམ་ན་གནས་པ་བདག་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་ཅིང་། གཞན་ཡང་དག་པའི་ཆོས་ལ་སྦྱོར་བར་བྱེད་པའོ། །
Domain ཆོས་ལུགས།