73485
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་བྱུང་བ་སྟེ། རབ་ཏུ་འབྱུང་བ་ཞེས་བྱ་བ་དེ་ནི་སེམས་ཅན་གཞན་དག་ལ་སྙིང་རྗེ་ཆེ་བ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་དེ་ནི་གཞན་གྱི་འཁྲུལ་པ་ལ་སྐྱོན་དུ་མི་ལྟ་བ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་དེ་ནི་གཞན་གྱི་རྙེད་པ་ལ་ཕྲག་དོག་མེད་པ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་དེ་ནི་བདག་དང་གཞན་ལ་གདུང་བ་མེད་པ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་དེ་ནི་གཞན་ལ་མི་སྨོད་པ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་དེ་ནི་གཞན་གྱི་ལྟུང་བ་མི་གླེང་བ་ཞེས་བྱ་བའི་ཚིག་བླ་དྭགས་སོ། །རབ་ཏུ་འབྱུང་བ་ཞེས་བྱ་བ་དེ་ནི་ཉེས་པ་ཐམས་ཅད་ལས་འབྱིན་པ་ཞེས་བྱ་བའི་ཚིག་བླ་དྭགས་སོ། ། |
| Domain | ཆོས་ལུགས། |