73499

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ཏུ་བྱུང་བའི་སྦྱིན་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གཙོར་བོར་མི་འཇིགས་པ་དང། བྱམས་པ་དང། ཆོས་ཀྱི་སྦྱིན་པ་སྟེ་གསུམ་ཡིན། ཟང་ཟིང་ལ་སྣག་ཚ་དང་སྨྱུ་གུ་དང་ཤོག་བུ་གསུམ་སྦྱིན་པ་གསུངས་ཀྱི། རབ་ཏུ་བྱུང་བས་ནོར་རླབས་པོ་ཆེ་སྟེར་བས་མགོ་གདོན་པར་གསུངས་པ་མེད་ལ། དེས་ན་རབ་ཏུ་བྱུང་བས་སྦྱིན་པ་རླབས་པོ་ཆེས་མགོ་བཏོན་ན་ཐོས་བསམ་སྒོམ་གསུམ་གྱི་གེགས་སུ་འགྱུར་བས། རབ་ཏུ་བྱུང་བ་ཡོ་བྱད་ལ་མ་ཆགས་ཤིང་སྦྱིན་པས་མགོ་མི་འདོན་པར། ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་ཀྱིས་མགོ་འདོན་པ་ལ་སངས་རྒྱས་ཀྱི་བསྟན་པ་དང་མཐུན་པའི་རབ་ཏུ་བྱུང་བར་གསུངས་སོ། །དེས་ན་མདོ་ལས། རབ་ཏུ་བྱུང་བས་ལྷུང་བཟེད་ཀྱི་ལྷག་རོལ་ཙམ་སྦྱིན་པར་གསུངས་ཀྱི། གཞན་སྦྱིན་པར་མ་གསུངས་ཏེ། རབ་ཏུ་བྱུང་བ་ལྷ་དང་བཅས་པའི་མཆོད་གནས་ཡིན་གྱི། ཡོན་བདག་མ་ཡིན་པས། ཡོན་མཆོད་གོ་བཟློག་ན་འཇིག་རྟེན་དུ་མུ་གེ་ལ་སོགས་པ་རྒུད་པའི་རྒྱུར་འགྱུར་རོ། །ཞེས་ཆོས་རྗེ་ས་པཎ་གྱི་ཐུབ་པ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།