73513
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། རབ་ཏུ་མི་གནས་པ་བཞི་ནི། དབུ་མ་པ་ལ་གནས་ལུགས་གཞལ་ཚུལ་གྱི་བློའི་རྩལ་ཆེ་ཆུང་གིས་སྒྱུ་མ་ལྟར་གཉིས་སུ་མེད་པ་དང་། རབ་ཏུ་མི་གནས་པ་གཉིས་སུ་ཕྱེ་བ་ལས་གཉིས་པའི་དབྱེ་བ་སྟེ། འདི་ལའང་ནང་གསེས་སུ་བཞིར་ཡོད་པ། བཀའ་བརྒྱད་རྣམ་བཤད་ལས། གཉིས་པ་རབ་ཏུ་མི་གནས་པ་ལའང་། སྟོང་པ་རབ་ཏུ་མི་གནས་པ། རྒྱུན་ཆད་རབ་ཏུ་མི་གནས་པ། བཏང་སྙོམས་རབ་ཏུ་མི་གནས་པ། ཟུང་འཇུག་རབ་ཏུ་མི་གནས་པ་བཞི། ཞེས་གསུངས། འདི་དག་གི་འདོད་ལུགས་སྐབས་སོ་སོར་གཟིགས། |
| Domain | ཆོས་ལུགས། |