73537
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ཆོས་ཐམས་ཅད་ལ་ཚུལ་གཅིག་ཏུ་རྟོགས་པ། ཆོས་ཐམས་ཅད་ལ་ཚུལ་ཐ་དད་པར་རྟོགས་པ། ཆོས་ཐམས་ཅད་ལ་མཚན་ཉིད་གཅིག་ཏུ་རྟོགས་པ། སེམས་ཅན་གྱི་སེམས་དང་། བསམ་པ་ཐམས་ཅད་ལ་ཆགས་པ་མེད་པའི་ཡེ་ཤེས་སུ་རྟོགས་པ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཉམ་པ་ཉིད་དུ་རྟོགས་པ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། བག་ཆགས་ཀྱི་སྤྱོད་པ་རྟོགས་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་བའི་སྤྱོད་པ་རྟོགས་པ། སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་། མི་དགེ་བའི་སྤྱོད་པ་ཐམས་ཅད་རྟོགས་པ། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་། སྨོན་ལམ་དང་། རྣམ་པར་རྩེ་བ་དང་། འཕྲུལ་པ་དང་། བྱིན་གྱི་རླབས་ཐམས་ཅད་རྟོགས་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་མ་ལུས་པར་མངོན་པར་སངས་རྒྱས་པའི་བྱིན་གྱི་རླབས་རྟོགས་པའོ། ། |
Domain | ཆོས་ལུགས། |
{{#arraymap:རབ་ཏུ་རྟོགས་པ་བཅུ་
|; |@@@ | | }}