73542

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ཏུ་སྐྱེ་བ་རེག་པ་བཅུ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ མིག་གི་འདུས་ཏེ་རེག་པ་རྣམས། ༢ རྣ་བའི་འདུས་ཏེ་རེག་པ་རྣམས། ༣ སྣའི་འདུས་ཏེ་རེག་པ་རྣམས། ༤ ལྕེའི་འདུས་ཏེ་རེག་པ་རྣམས། ༦ ལུས་ཀྱི་འདུས་ཏེ་རེག་པ་རྣམས། ༦ ཡིད་ཀྱི་འདུས་ཏེ་རེག་པ་རྣམས། ༧ ཐོགས་པའི་འདུས་ཏེ་རེག་པ་རྣམས། ༨ ཚིག་བླ་དྭགས་ཀྱི་འདུས་ཏེ་རེག་པ་རྣམས། ༩ བདེ་བའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་རྣམས། ༡༠ སྡུག་བསྔལ་གྱི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་རྣམས། ༡༡ སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་དང་མཐུན་པའི་འདུས་ཏེ་རེག་པ་རྣམས། ༡༢ རྗེས་སུ་ཆགས་པའི་འདུས་ཏེ་རེག་པ་རྣམས། ༡༣ ཁོང་ཁྲོ་བའི་འདུས་ཏེ་རེག་པ་རྣམས། ༡༤ རིག་པའི་འདུས་ཏེ་རེག་པ་རྣམས། ༡༥ མ་རིག་པའི་འདུས་ཏེ་རེག་པ་རྣམས། ༡༦ རིག་པ་ཡང་མ་ཡིན་མ་རིག་པ་ཡང་མ་ཡིན་པའི་འདུས་ཏེ་རེག་པ་རྣམས་བཅས་སོ། །
Domain ཆོས་ལུགས།