73545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ཏུ་སྤོང་བར་བྱ་བའི་ཆོས་བཅུ་གཅིག་ (1)
Part of speech མིང་ཚིག
Definition འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ རྒོད་པ་ནི། འདུལ་བས་སོ། །༢ མ་བསྡམས་པ་ནི། སེམས་རྩེ་གཅིག་པས་སོ། །༣ ཚུལ་ཁྲིམས་འཆལ་བ་ནི། སྐྱེ་བུ་དམ་པ་ལ་རྟེན་པས་སོ། ། ༤ ལེ་ལོ་ནི། བརྩོན་འགྲུས་བརྩམས་པས་སོ། ། ༥ གྲོང་དང་གྲོང་ཁྱེར་རྣམས་སུ་རབ་ཏུ་འཇུག་པའི་སྤྱོད་པ་ལ་དགའ་བ་ནི། གཅིག་པུ་དགོན་པར་གནས་པས་སོ། ། ༦ འདོད་པ་ཆེན་པོ་ནི། ཆོས་ཤེས་པས་སོ། ། ༧ གཉེན་འདུན་ལྟ་བ་ལ་མངོན་པར་དགའ་བ་ནི། མགྲོན་པོར་ཡུན་རིང་དུ་གནས་པ་ལ་མངོན་པར་དགའ་བས་སོ། ། ༨ དོན་མེད་པར་སྨྲ་བ་ནི། ངག་ཡང་དག་པར་བསྡམས་པས་སོ། ། ༩ རྩབ་ཧྲལ་ཉིད་ནི། བརྟན་པས་སོ། ། ༡༠ དབུལ་པོ་རྣམས་ནི། སྦྱིན་པས་སོ། ། ༡༡ མི་ཤེས་པ་ནི། ཤེས་པས་སོ། །
Domain ཆོས་ལུགས།