73560
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་ཏུ་དྭངས་པའི་ཆུའི་ནང་དུ་རྡེའུ་མཐོང་བ་ལྟར་བརྗོད་བྱ་རྗོད་བྱེད་གཉིས་ཀ་འཇིག་རྟེན་ན་ཡོངས་སུ་གྲགས་ཤིང་གོ་སླ་བ་སྟེ། རྗོད་བྱེད་ཀྱི་ཚིག་ཐོས་མ་ཐག་ནས་བརྗོད་བྱའི་དོན་བདེ་བླག་ཏུ་རྟོགས་པར་འགྱུར་ཞིང་ཚེགས་མེད་དུ་ཀློག་ནུས་པ། གྲོང་ཚིག་གིས་མ་བསླད་པ་དེ། ལྷོ་བའི་ལུགས་དང་། དེ་ལས་བཟློག་སྟེ་བརྗོད་བྱ་འཇིག་རྟེན་ན་གྲགས་མི་ཆེ་ཞིང་རྗོད་བྱེད་ཀྱི་ཚིག་ཀྱང་མི་གསལ་བས། མགོ་རྨོངས་པའི་བརྡ་ལ་བརྟེན་ནས་བརྗོད་དོན་འཚོལ་དགོས་ཤིང་ཅུང་ཟད་རྟོགས་དཀའ་བ་ཤར་བའི་ལུགས་སོ། ། |
| Example | བོད་མཁས་པས། ཕ་མཐའ་བྲལ་བའི་ནམ་མཁའ་སྔོ་བསངས་མར། །བགྲོད་པའི་ཟླ་བ་བདུད་རྩིའི་འོད་སྣང་ཅན། །མུན་པའི་གོ་འཕང་འཇིག་ལ་མཁས་པ་ཡི། །ངོ་མཚར་མི་མཇེད་འཇིག་རྟེན་འདི་ན་གསལ། ། ཞེས་པ་ལྷོ་བའི་ལུགས་ཀྱི་དཔེར་བརྗོད་དང་། སྣང་མིན་ལམ་དུ་འཕྱན་ལ་བརྩེ་བའི་གཉེན། །བདུད་རྩིའི་ཟེར་བརྒྱས་ཡོངས་གང་ཆུ་ལས་སྐྱེས། ། འགྲོ་འདིས་ལེགས་བྱས་ཀྱིས་དྲངས་ལྷ་རྩེན་མར། །རོལ་འདི་ཚངས་པའི་བུ་ཡི་ཡི་གར་འོང་། ། ཞེས་པ་ཤར་བའི་ལུགས་ཀྱི་དཔེར་བརྗོད་ཡིན། |
| Domain | རྩོམ་རིག |