73592

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་བྱུང་དང་པོ་ (1)
Part of speech མིང་ཚིག
Definition དུས་འཁོར་རྒྱུད་འདི་བོད་ཀྱི་སྐད་དུ་བསྒྱུར་བའི་ཐོག་མ་དང་། མེ་མཁའ་རྒྱ་མཚོ་ལ་བསྲེ་བྱའི་འདས་ལོ་ཐོག་མ་ཡིན་ཏེ། རྩིས་གཞུང་ཉིན་བྱེད་སྣང་བ་ལས། དེ་འོག་རབ་བྱུང་མེ་ཡོས་ལ། །རིགས་ལྡན་ཉི་མས་ཆོས་བསྟན་པའི། །ལོ་འདི་མེ་མཁའ་རྒྱ་མཚོ་ལ། །བསྲེ་རྒྱུའི་འདས་ལོའི་ཐོག་མ་དང་། །རྒྱུད་འདི་ཤཱི་ཏའི་ལྷོར་ཕེབས་ལོ། །ཞེས་དང་། རིགས་ལྡན་སྙིང་ཐིག་ལས། རྒྱུད་ལས་རབ་བྱུང་ཐོག་མར་མཛད། །ལོ་དེར་རིགས་ལྡན་ཉི་མ་ནི། །ཁྲིར་འཁོད་བོད་ཡུལ་བསིལ་ལྡན་འདིར། །དུས་ཀྱི་འཁོར་ལོའི་རྒྱུད་རྒྱལ་ཕེབས། །ཞེས་བྱུང་། དེས་ན་ད་ལོ་ནས་ཡར་དྲུག་ཅུ་སྐོར་བཅུ་དྲུག་དང་བགྲང་བྱ་ཉེར་བརྒྱད་འདས་པ་མེ་མོ་ཡོས་ཀྱི་ལོ་སྟེ་ཕྱི་ལོ་༡༠༢༧པའི་ལོ་ཉིད་ཡིན་ནོ། །
Domain རྩིས་རིག