73601
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བསྒྲུབ་བྱ་དེ་ཉིད་ལ་རབ་བྱུང་གི་སྡོམ་པ་དངོས་སུ་སྦྱིན་པའི་སྐབས་ཀྱི་བྱ་བ་རྣམས་སོ། །དེའི་ཚུལ་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་དངོས་གཞིའི་དབང་དུ་བྱས་ནས། དགེ་ཚུལ་ཉིད་དུ། ཞེས་སོགས་ཀྱི་མདོ་གསུངས། དོན་ནི། རབ་བྱུང་བསྒྲུབས་ནས་མཁན་པོས་བསྒྲུབ་བྱ་དེ་དགེ་ཚུལ་ཉིད་དུ་ཉེ་བར་བསྒྲུབ་པའི་དགེ་སློང་ཞིག་ལ་གཏད་པར་བྱ་དགོས་ཏེ། གཏད་ཡུལ་དེས་བསྒྲུབ་བྱ་དགེ་ཚུལ་ཉིད་དུ་སྒྲུབ་དགོས་པའི་ཕྱིར་ཏེ། མཁན་པོ་རང་གིས་བསྒྲུབ་བྱ་དེ་དགེ་ཚུལ་དུ་སྒྲུབ་མི་རུང་བའི་ཕྱིར་ཏེ། དགེ་ཚུལ་དེ་ཤས་ཆེར་གཞོན་ནུ་ལ་བྱེད་པས་མཁན་སློབ་གཉིས་ཀས་བསྐྱངས་དགོས་པའི་ཕྱིར། མཁན་པོས་དགེ་ཚུལ་དུ་བསྒྲུབ་ན་སྡོམ་པ་མི་སྐྱེ་བ་ནི་མ་ཡིན་ཏེ། སྐྱེ་ལ་ཉེས་བྱས་སུ་འདོད་པའི་ཕྱིར། གཏད་པའི་དགེ་སློང་དེས་བསྒྲུབ་ཚུལ་ཡོད་དེ། བསྒྲུབ་བྱ་བར་ཆད་ཀྱི་ཆོས་རྣམས་ཀྱིས་དག་མ་དག་དྲིས་ནས་དག་ན་བསྒྲུབ་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |