73613
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། དེ་ནི་འདོད་སེམས་ནས་སྲིད་རྩེའི་བར་ཡར་ལུགས་མཐུན་གྱིས་སྙོམས་པར་འཇུག་པ་དང༌། ཡང་སྲིད་རྩེ་ནས་འདོད་སེམས་ཀྱི་བར་མར་ལུགས་ལྡོག་ཏུ་སྙོམས་པར་འཇུག་པའི་རྗེས་སུ། དེ་ནས་ཡང་འདོད་སེམས་ནས་ཡར་འཕེལ་བའི་སྐབས་ཀྱི་གཟུགས་མེད་དངོས་གཞི་བཞི་པོ་རྣམས་ཏེ། ཕར་ཕྱིན་སྤྱི་དོན་ལས། མཛོད་པ་བ་རྣམས་ནི། བསམ་གཟུགས་བརྒྱད་ལ་ལུགས་འབྱུང་ལུགས་ལྡོག་ཏུ་སྙོམས་པར་འཇུག་པའི་སྒོ་ནས་འཕེལ་བའི་གནས་སྐབས་ཀྱི་བསམ་གཟུགས་ཀྱི་དངོས་གཞི་རྣམས་ལ་བྱེད་པ་ཡིན་ཏེ། མཛོད་ལས། དེ་ནི་ས་ཀུན་གྱིས་མཐུན་བྱས། །འཕེལ་བའི་རབ་ཏུ་ཕྱིན་པ་ཡིན། །ཞེས་གསུངས་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |