73614

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་མཐའི་བསམ་གཏན་དངོས་གཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དེ་ནི་འདོད་སེམས་ནས་སྲིད་རྩེའི་བར་ཡར་ལུགས་མཐུན་གྱིས་སྙོམས་པར་འཇུག་པ་དང༌། ཡང་སྲིད་རྩེ་ནས་འདོད་སེམས་ཀྱི་བར་མར་ལུགས་ལྡོག་ཏུ་སྙོམས་པར་འཇུག་པའི་རྗེས་སུ། དེ་ནས་ཡང་འདོད་སེམས་ནས་ཡར་འཕེལ་བའི་རབ་ཀྱི་མཐའི་སྐབས་ཀྱི་བསམ་གཏན་དངོས་གཞི་སྟེ། དེ་ལ་ནི་བསམ་གཏན་བཞི་པའི་དངོས་གཞིས་ཁྱབ་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། རབ་མཐའི་བསམ་གཏན་བཞི་པ་དེ་ནི་ས་ཀུན་གྱིས་མཐུན་པར་བྱས་པ་ཡིན་ཏེ། འདོད་སེམས་ནས་སྲིད་རྩེའི་བར་སྙོམས་པར་འཇུག་པ་དང༌། ཡང་སྲིད་རྩེ་ནས་འདོད་སེམས་ཀྱི་བར་དང༌། དེ་ནས་ཡང་འདོད་སེམས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པའི་བར་ས་ཀུན་གྱིས་ལུགས་འབྱུང་དང་ལུགས་ལྡོག་ཏུ་སྙོམས་པར་འཇུག་པས་མཐུན་པར་བྱས་པའི་རྗེས་སུ། བསམ་གཏན་དང་པོ་ལས་གཉིས་པ། གཉིས་པ་ལས་གསུམ་པ། གསུམ་པ་ལས་བཞི་པར་འཕེལ་བས་ན། འཕེལ་བའི་རབ་ཀྱི་མཐའ་ཡིན་པས་དེ་ལྟར་བརྗོད་པའི་ཕྱིར། དེས་ན་རབ་མཐའི་བསམ་གཏན་བཞི་པའི་དངོས་གཞི་ཐོབ་པ་ལ་སྲིད་རྩེའི་བར་གྱི་དངོས་གཞི་ཐོབ་དགོས་ཏེ། ས་ཐམས་ཅད་ལ་ལུགས་འབྱུང་ལུགས་ལྡོག་ཏུ་སྙོམས་པར་འཇུག་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །ཞེས་གསུངས། དོན་གཅིག་མིང་གི་རྣམ་གྲངས་ལ། རབ་མཐའི་བསམ་གཏན་དང་། རབ་མཐའི་བསམ་གཏན་བཞི་པའི་དངོས་གཞིའོ། །
Domain ཆོས་ལུགས།