7365

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདམས་ངག་ངེས་པར་གཞག་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་གཉིས་པ་ཡིན། ལུང་བསྟན་བརྒྱུད་པའི་རྒྱུད་ལྟར་ན་ལེའུ་འདི་རྩ་རྒྱུད་དུ་བཞེད། ནང་དོན་ལ་ལེའུ་སྟོད་རྐྱེན་གླེང་བསླང་དང་སྨད་རྒྱུད་དོན་དངོས་དེར་སྟོན་པ་ཤཱཀྱ་ཐུབ་པ་འདའ་ཁར་རིག་འཛིན་ཀུཉྫ་རས་སྟོན་པར་དྲི་བ་ལྔ་ཞུས་པའི་ལན་དུ་གསང་སྔགས་ཀྱི་འབྱུང་ཚུལ་བཅུ་གཉིས་དང་གདམས་ངག་གསུམ་བཀའ་བསྩལ་པ་སྟེ། དེས་ན་རྩ་རྒྱུད་སྟོན་པའི་ཞལ་གསུང་མར་འདོད། རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པར་ལེའུ་འདིས་སྤྱིར་དྲང་ངེས་གཉིས་ཀ་སྟོན་ལ། བློ་ཆུང་ལ་དྲང་དོན་ཤས་ཆེ་ཞིང་བློ་ཆེ་ལ་ངེས་དོན་ཤས་ཆེའོ། །ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ། བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།