73651

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་རྒྱས་དགོན་ (1)
Part of speech མིང་ཚིག
Definition འབྲུ་ཚ་སྒང་རིན་ཆེན་གྱིས་རབ་བྱུང་ལྔ་པའི་ཆུ་འབྲུག་ལོར་བཏབ། ཀཿཐོག་རིག་འཛིན་ཆེན་པོ་ཀློང་གསལ་དགོན་པར་ཕེབས་ནས། རིག་འཛིན་ཆེན་པོས་བཟོ་བའི་ཨོ་རྒྱན་འདྲ་སྐུར་ད་སྐབས་ཡང་མཇལ་རྒྱུ་ཡོད། དེ་རྗེས་ལྕགས་མདུད་ཤེས་རབ་རྒྱལ་མཚན་བྱོན་ཏེ། གུར་དྲག་མེ་འཁྱིལ། བཀའ་བརྒྱད་གསང་རྫོགས། མ་ཏིའི་སེང་གདོང་། མགོན་ནག་སོགས་ཀྱི་བཅའ་ཆོག་རྔ་འགྲིགས་འབུད་དཀྲོལ་རྣམས་གཏེར་རྙིང་དུ་གྲགས་པའི་སྲོལ་རྒྱུན་ལྟར་གནང་བ་རྣམས་ད་ལྟའི་བར་མ་ཉམས་པར་ཡོད། རབ་བྱུང་བཅུ་གཉིས་པའི་ནང་རབ་རྒྱས་རྡོ་རྗེ་གྲགས་པ་ཞེས་པའི་བླ་མ་དེས་དགོན་རྙིང་འདིར་འཛིན་སྐྱོང་སྤེལ་བའི་ལོ་རྒྱུས་ཤིན་ཏུ་མང་། རབ་བྱུང་བཅུ་བཞི་པའི་ལྕགས་གླང་ལོའི་ས་ག་ཟླ་བའི་ཡར་ཚེས་ལ་གླིང་སྐྱེས་དང་ཨ་སངས་རྣམས་ཀྱིས་ཡོན་བདག་བགྱིས་ཏེ་དགོན་རྙིང་སྤོར་ནས་རི་སྣེ་ཀརྨ་ཐང་ལ་གཏེར་ཆེན་ཉིད་ཀྱིས་དགོན་པ་གསར་དུ་བཏབ། རྒྱུན་བཞུགས་དགེ་འདུན་དྲུག་ཅུ་ཡོད། ལོ་རེའི་དུས་མཚོད་ནི། བོད་ཟླ་དང་པོའི་ཚེས་གཅིག་ལ་མགོ་བཙུགས་ནས་མཚམས་དང་བསྙེན་སྒྲུབ་ལ་འབད་པ་དང་། བོད་ཟླ་བཞི་པའི་ནང་བདེ་སྨོན་ཞིང་སྒྲུབ་ཞག་བདུན། དྲུག་པའི་ནང་ཟབ་མོ་རྩ་གསུམ་ཡང་འདུས་ཀྱི་རིལ་བུ་བུམ་སྒྲུབ་ཞག་བདུན་དང་བླ་མ་གསང་འདུས་ཞག་གསུམ་དང་དེའི་གར་འཆམ་བཅས་ཡོད།།