73656

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རབ་ལོ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོ་ཚུགས་ནས་ད་བར་འདས་པའི་ལོ་བསགས་པའི་གྲངས་ཀ་ཞིག་སྟེ། དུས་འཁོར་རྒྱུད་བོད་འགྱུར་བྱས་པའི་འདས་ལོ་དང་། མེ་མཁའ་རྒྱ་མཚོའི་ལོ་ལ་བསྲེ་བྱའི་འདས་ལོ་བཅས་ཡིན། རྩིས་གཞུང་ཉིན་བྱེད་སྣང་བ་ལས། དེ་འོག་རབ་བྱུང་མེ་ཡོས་ལ། །རིགས་ལྡན་ཉི་མས་ཆོས་བསྟན་པའི། །ལོ་འདི་མེ་མཁའ་རྒྱ་མཚོ་ལ། །བསྲེ་རྒྱུའི་འདས་ལོའི་ཐོག་མ་དང་། །རྒྱུད་འདི་ཤཱི་ཏའི་ལྷོར་ཕེབས་ལོ། །ཞེས་བྱུང་། ཕྱི་ལོ་༡༠༢༧ སྟེ་རབ་བྱུང་དང་པོའི་ཐོག་མ་མེ་ཡོས་ལོ་དེ་ནས་བགྲང་ནས་ད་ལྟ་རབ་བྱུང་བཅུ་བདུན་པ་ཤིང་མོ་ལུག་གི་ལོའམ་ཕྱི་ལོ་༢༠༡༥ ལོར་རབ་ལོ་༩༨༩པ་ཉིད་ཡིན་ནོ། །
Domain རྩིས་རིག