73675
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། ཕ་མའི་སྐྱེས་སྨེ་བཞི་ལྗང་ཡིན་པའི་བུ་མོ་དག་བབས་སྨེ་བཞི་ལྗང་ལ་བབས་དུས་ལྟ་བུ་སོ་སོའི་བབས་སྨེ་ཕ་མའི་སྐྱེས་སྨེ་སྟེང་དུ་བབས་པའི་ལོ་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་ཞིང་། བག་མ་དེ་རིགས་མཐར་རབས་ཆད་པའི་རབས་ཚད་མ་ཡི་བག་མ་ཡིན་པས། བཅོས་སུ་རྒྱ་མ་སྲིད་ཀྱི་གོང་ཕུར་བྱ་དགོས། དེ་མིན་བུ་མོ་སུ་ཞིག་བབས་སྨེ་སྐྱེས་སྨེ་སྟེང་དུ་བབས་པའི་མལ་ཀེག་ཏུ་ཚུད་དུས་སམ། ཡང་ན་ལྔ་སེར་སྟེང་དུ་བབས་དུས་དེར་བག་མར་ཕྱིན་ཀྱང་བུར་ཤིན་ཏུ་ངན་པས། བཅོས་སུ་སྟོང་མཆོད་རབ་འཇོམས་དང་སྨེ་བའི་ཆོ་ག་བྱ་དགོས། |
| Domain | རྩིས་རིག |