From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རམ་ (1)
| Part of speech
|
ཕྲད་ཚིག
|
| Definition
|
འབྱེད་པ་ལ་འཇུག་པ། དབྱེ་གཞི་གཅིག་ལས་དབྱེ་བ་དུ་མ་སོ་སོར་འབྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ར་ཡིག་མཐར་རམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཁུར་བཞི་ནི། ཕུང་པོའི་ཁུར་རམ། བརྩོན་འགྲུས་ཀྱི་ཁུར་རམ། ཉོན་མོངས་པའི་ཁུར་རམ། དམ་བཅའི་ཁུར་བཅས་སོ་ལྟ་བུ།
|
རམ་ (2)
| Part of speech
|
ཕྲད་ཚིག
|
| Definition
|
སྡུད་པ་ལ་འཇུག་པ། བསྡུ་བྱ་དུ་མ་བསྡུ་གཞི་གཅིག་ཏུ་སྡུད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ར་ཡིག་མཐར་རམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ཕུང་པོའི་ཁུར་རམ། བརྩོན་འགྲུས་ཀྱི་ཁུར་རམ། ཉོན་མོངས་པའི་ཁུར་རམ། དམ་བཅའི་ཁུར་བཅས་ནི་ཁུར་བཞི་ཡིན་ནོ་ལྟ་བུ།
|
རམ་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གདམ་ངའི་དོན་ལ་འཇུག་པ། གདམ་བྱའི་དོན་དུ་མའི་ནང་ནས་ཆོས་གང་རུང་ཞིག་འདེམས་པར་བྱེད་དུ་བཅུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ར་ཡིག་མཐར་རམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
རིན་ལ་གསེར་རམ་དངུལ་གྱི་དོང་ཙེ་གང་ཞིག་བྱུང་ཡང་འགྲིག་ལྟ་བུ།
|
རམ་ (4)
| Part of speech
|
ཕྲད་ཚིག
|
| Definition
|
དྲི་བ་སྟོན་པ། དོན་གང་ཡིན་མ་ངེས་པའམ་བློ་གཉིས་སུ་ཕྱོགས་ཏེ་ཐེ་ཚོམ་ཟ་བ་སོགས་དྲི་བའི་དོན་ལ་འཇུག་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ར་ཡིག་མཐར་རམ་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
ད་དུང་གསལ་པོར་མ་ཤར་རམ། ངོ་མི་མཚར་རམ་ལྟ་བུ།
|