7368

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདམས་ངག་ནན་ཏན་གྱི་ལུང་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་འགྲོལ་བའི་ལྡེ་མིག་མདོ་བཞི་ལས་མཐུན་འཇུག་སྦྱོར་བའི་ལུང་གི་ནང་གསེས་ཤིག་སྟེ། འཁོར་ལ་གདམས་ངག་བྱིན་པ་ཉིད་ནན་ཏན་གྱི་གནས་སུ་སྟོན་པའི་ཕྱིར་གདམས་ངག་ནན་ཏན་གྱི་ལུང་ཞེས་བྱ། དེའི་དོན་གཟི་ལྡན་འཆར་ཁའི་འོད་སྣང་ལས། གདུལ་བྱ་གང་ཞིག་ལ་ཐེག་པ་སྤྱིའི་ལུགས་ཀྱི་གདམས་ངག་གང་བསྟན་པ་དེ་ཉིད་ཤིན་ཏུ་ཟབ་ལ་ཕངས་པའི་བརྣག་པར་བྱ་བ་ཡིན་པས་གཅེས་སྤྲས་སུ་བྱས་ཏེ་ནན་ཏན་གྱིས་ཤིག་ཅེས་སྙིང་པོའི་གདམས་པ་འཇོག་པའོ། །ཞེས་པ་ལྟར་ཡིན།
Domain ཆོས་ལུགས།