7370

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདམས་ངག་བཅུ་གཉིས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། དགེ་སློང་མར་སྡོམ་པ་འབོག་པའི་མཇུག་ཏུ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་ཆོས་དྲུག་འདོམས་པའི་གདམས་ངག་བཅུ་གཉིས་ལའོ། །རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་གི་གྲངས་འདྲེན་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གདམས་ངག་བཅུ་གཉིས་ཡོད་དེ། གཅིག་པུ་ལམ་དུ་འགྲོ་མི་བྱ། །ཆུ་བོའི་ཕ་རོལ་རྐྱལ་མི་བྱ། །སྐྱེས་པ་ལ་ནི་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བར་མི་བྱ་ཞིང་། །ཁ་ན་མ་ཐོ་འཆབ་མི་བྱ། །ཞེས་ཀརྨ་ཤ་ཏམ་ལས་གསུངས་པ་ལྟར་གྱི་རྩ་བའི་ཆོས་དྲུག་དང་། གསེར་ལ་བཟུང་བར་མི་བྱ་ཞིང་། །འདོམས་ཀྱི་སྤུ་ནི༌བྲེགས་མི་བྱ། །ས་ནི་བརྐོ་བར་མི་བྱ་སྟེ། །རྩ་སྔོན་དག་ཀྱང་བཅད་མི་བྱ། །བྱིན་ལེན་མ་བྱས་ཟ་མི་བྱ། །གསོག་འཇོག་བྱས་པ་ཟ་མི་བྱ། །ཞེས་གསུངས་པ་ལྟར་གྱི་རྗེས་མཐུན་གྱི་ཆོས་དྲུག་རྣམས་སུ་ཡོད་པའི་ཕྱིར། དགེ་སློབ་མའི་དེ་མ་ཐག་དགེ་སློང་མའི་སྡོམ་པ་སྦྱིན་དུ་མི་རུང་སྟེ། དེ་གཉིས་བར་དུ་ཚངས་སྤྱོད་ལ་ཉེར་གནས་ཀྱི་སྡོམ་པ་མནོས་ནས་དཔྱད་དགོས་པའི་ཕྱིར། འདི་ཇི་ལྟར་ནོད་པའི་ཚུལ་སོགས་དགེ་སློབ་མའི་སྡོམ་པའི་སྐབས་དང་ཕལ་ཆེར་འདྲའོ། །ཞེས་གསུངས།
Domain ཆོས་ལུགས།