73702

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རལ་ག་ (1)
Part of speech མིང་ཚིག
Definition སྡོང་བོ་དང་རྩི་ཤིང་གི་ཡལ་ག།
རལ་ག་ (2)
Part of speech མིང་ཚིག
Definition ཡུལ་སྐད་དུ་ཚི་ལེན་ཟེར་བའི་སྟོད་གོས་ཤིག
Type བརྡ་རྙིང་།
རལ་ག་ (3)
Part of speech མིང་ཚིག
Definition འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ་ལས། རལ་ག་ཞེས་བྱ་བ་ནི་ལྷམ་སྒྲོག་གུ་ཅན་གྱི་རྣམ་པའོ། །འདིས་ཤིང་དཔུང་ཆད་རྗེས་སུ་གནང་བ་འགལ་བ་མེད་དེ་ཤིང་དཔུང་ཆད་ནི་རྣམ་པ་གཞན་གྱི་ཕྱིར་རོ། །དཔེར་ན་ལྷམ་ཡུ་རིངས་ཀྱི་རྣམ་པ་ལས་ལྷམ་སྒྲོག་གུ་ཅན་གྱི་རྣམ་པ་ཅུང་ཟད་ཞན་པ་དང་འདྲའོ། །ཞེས་གསུངས་སོ། །
རལ་ག་ (4)
Part of speech མིང་ཚིག
Definition སྣམ་གོས།
རལ་ག་ (5)
Part of speech མིང་ཚིག
Definition གོས་ཕུ་དུང་ཅན།