7372
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། བྱེ་བྲག་སྨྲ་བ། སྤྱིར་གདམས་ངག་ནི་གཞན་ལ་ཕན་པའི་ཆེད་དུ་འདོམས་པའི་ངག་ཅིག་ལ་འཇོག་པ་ཡིན་ཀྱང་སྐབས་འདིར་ནི་དགེ་ཚུལ་དང་བསྙེན་རྫོགས་སྒྲུབ་མ་ཐག་པའི་གང་ཟག་ལ་སོ་སོའི་བསྲུང་བྱའི་བསླབ་པའི་གནས་རྣམས་སྟོན་པའི་ངག་ཅིག་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། མཇུག་ཆོག་གཉིས་པ་གདམས་ངག་བརྗོད་པ་ཡང་། གནས་རྣམས་བརྗོད་པར་བྱའོ། །ཞེས་སོགས་ཀྱི་མདོས་བསྟན་ནོ། །བརྗོད་པའི་དགོས་པ་ནི། འདུལ་བའི་བསླབ་བྱའི་གནས་རགས་རིམ་ནས་བརྗོད་པས་དེ་དག་ཤེས་པར་བྱ་བའི་ཕྱིར་དུ་ཡིན། ཞེས་གསུངས། དུས་ནམ་བརྗོད་ན། དགེ་ཚུལ་དང་བསྙེན་རྫོགས་སྒྲུབ་པའི་མཇུག་ཆོག་གཉིས་པ་གདམས་ངག་དེ་ཡུལ་དགེ་ཚུལ་དང་བསྙེན་རྫོགས་སྒྲུབ་མ་ཐག་པ་ལ་ལས་ཀྱི་སློབ་དཔོན་གྱིས་དུས་གོ་བརྗོད་ཟིན་པའི་དེ་མ་ཐག་ཏུ་བརྗོད་པ་ལ་ཟེར། དེ་ཡང་པཎ་ཆེན་གྱི་འདུལ་ལུང་རིགས་ཉི་མ་ལས། གསུམ་པ་ཡོད་དེ། དུས་གོ་བརྗོད་ཟིན་མ་ཐག་པའི་དུས་དེར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཀརྨ་ཤ་ཏམ་ལས། དུས་ཚོད་བརྗོད་པ་དེའི་འོག་ཏུ་གནས་རྣམས་བརྗོད་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཞེས་གསལ། |
| Domain | ཆོས་ལུགས། |