7375
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔ་འགྱུར་རྙིང་མ། ཇོ་བོ་བཀའ་གདམས། གདམས་ངག་ལམ་འབྲས། མངའ་བདག་མར་པ། དཔལ་ལྡན་ཤངས་པ། དམ་ཆོས་ཞི་བྱེད། སྦྱོར་བ་ཡན་ལག་དྲུག་པ། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་སྟེ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་ངག་ཆུད་མི་ཟ་བའི་ཕྱིར་དང་། ཤིན་ཏུ་དཀོན་པ་རྒྱུན་ཆད་ལ་ཉེ་བ་རྩ་བའི་སྙིང་པོ་རྣམས་དང་། སྨིན་གྲོལ་བཅུད་ཀྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ། སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ཐམས་ཅད་ཀྱི་ཉིང་ཁུ། མདོ་དང་རྒྱུད་ཀྱི་ཟབ་དོན་ཉམས་ལེན་གྱི་རིམ་པ་མཐའ་དག་མ་ཚང་བ་མེད་པ། དབང་པོ་རབ་འབྲིང་ཐ་གསུམ་ཀའི་བློ་དང་འཚམས་ཤིང་འཇུག་བདེ་བ། མྱུར་བ་ཉིད་དུ་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པའི་སྒྲུབ་ཐབས་ཟབ་མོ་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པ། གདན་ས་དཔལ་སྤུངས་སུ་སྤར་དུ་སྐྲུན་པ་ལས་པོད་བཅུ་གཉིས་བཞུགས་སོ།། |