73770

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རས་ཆུང་རྡོ་རྗེ་གྲགས་པ་ (1)
Part of speech མིང་ཚིག
Definition རས་ཆུང་རྡོ་རྗེ་གྲགས་པ་མཆོག་ནི། ཡུལ་གུང་ཐང་འཕྲང་རར། ཡབ་གཉན་དར་མ་གྲགས་པའི་སྲས་སུ་རབ་བྱུང་དང་པོའི་ཤིང་བྱི་ ༡༠༨༤ ལོར་འཁྲུངས། བརྒྱད་ལ་ཡབ་གཤེགས། ཡུམ་ཨ་ཁུས་བསྡུས་ཏེ་ཤིན་ཏུ་སྡང༌། ཀློག་ཡོན་ཕུན་སུམ་ཚོགས་པ་བྱུང༌། མ་ཁུས་ཕྲུ་སློག་ཏུ་བཅུག་པས་མཛེས་ཟིན། ཟ་འོག་ཕུག་ཏུ་མི་ལའི་རྩར་བྱོན་ནས། གླན་ལུགས་ཕྱག་རྡོར་རྗེས་གནང༌བཟླས་པ་བྱས་པས་ཕྱིར་ཐུ། རྒྱ་གར་ནས་ཛོ་ཀི་བཞི་བྱུང་བའི་རྒན་པ་དེས་སྙིང་རྗེ་སྟེ། རྒྱ་གར་དུ་ཁྲིད་ནས། བླ་མ་ཝ་ལ་ཙནྡྲ་མཇལ། ལས་ཀྱི་རྡོ་རྗེའི་སྒྲུབ་ཐབས་གནང༌། བསྒོམས་པས་སྙུན་ལས་གྲོལ། དེ་འཕྲལ་བོད་དུ་བྱོན། སླར་གསེར་སྲང་ཕྱེད་དང་བཞི་ཕུལ་ནས། གདམས་ངག་ལྷག་མ་གསན། དེ་ནས་འཁོར། རྗེ་བཙུན་མདུན་ནས། གདམས་ངག་རྣམས་བསྒོམས་པས། གཏུམ་མོའི་དྲོས་རྟགས་ཐོན། རས་ཆེན་རས་ཆུང་གྱི་གྲགས་པ་ཐོབ། བླ་མའི་ཁྲིད་གསར་པ་རྣམས་ཀྱི་སློབ་དཔོན་མཛད། རྗེ་བཙུན་གྱིས་རྒྱ་གར་དུ་བརྫང། དེར་བླ་མ་ཏི་ཕུ་དང་མཇལ། ཝ་ལ་ཙནྡྲའང་དེའི་སློབ་མ་པཎྜི་ཏ་ཟླ་བ་བཟང་པོ་ཡིན། དེ་ལས་ནཱ་རོ་མཻ་ཏྲི་ནས་བརྒྱུད་པའི་གདམས་པ་སོགས་གསན། གྲུབ་ཐོབ་ཨ་མོ་གྷ་བཛྲས་ཚེ་ཞག་བདུན་ལས་མི་འདུག་ཟེར། ཐུགས་དངངས་ཏེ་བླ་མ་ལ་ཞུས་པས། གྲུབ་པའི་རྒྱལ་མོ་སྤྱན་དྲོངས་གསུངས། ཚོགས་དང་གསེར་གྱི་མཎྜལ་བཤམས། གསོལ་བ་བཏབ་པས། ཚེ་དཔག་མེད་པའི་སྒྲུབ་ཐབས་དང་རྟ་མགྲིན་སོགས་གནང༌། ཞག་བདུན་མ་གཉིད་པར་བསྒྲུབས་པས། མ་གཅིག་གིས་ཕ་དང་མཉམ་པའི་ཚེའི་དངོས་གྲུབ་བསྩལ། ལོག་ཁར་ཏི་ཕུས་ལུང་བསྟན་ལྟར། བལ་པོ་ནས་བྷ་རི་མས་དཔེ་རྣམས་ཀྱི་ལྷག་ཆད་བསལ། བོད་དུ་བྱོན་ཏེ། ཐུགས་ཀྱི་ཁེངས་པ་རྣམས། རྗེ་བཙུན་གྱིས་རྫུ་འཕྲུལ་བསྟན་དེ་བཟློགས། བླ་མ་ལ་གདམས་པ་ཡར་སྐྱེས་སུ་ཕུལ། གཉའ་ནང་གྲོད་ཕུག་ཏུ་སྙན་བརྒྱུད་ཀྱི་གདམས་ངག་རྣམས། ལྷག་ཆད་མེད་པར་གནང་སྟེ། ཆིག་བརྒྱུད་བཀའ་རྒྱས་བཏབ། ཉ་མ་འགས་བསྙེན་བཀུར་ལོག་ཞུས་ཀྱིས་དབུས་ལ་བྱོན། སུམ་འཕྲེང་དུ་ཨ་སུ་མཇལ་ནས་དོ་ཧ་གསན། ཡར་ཀླུངས་སུ་དབུས་མོས་བྲིད་དེ། ལོ་གསུམ་ཕོ་བྲང་སྐྱོར་ལྡེམ་དུ་རྒྱལ་པོའི་སྲས་ཚབ་མཛད། རྗེ་བཙུན་གྱི་སྤྲུལ་པས་བསྐུལ་ཏེ་དྲུང་དུ་བྱོན། རེ་ཞིག་ན། ད་ནི་རས་ཆུང་དབུས་སུ་སོང༌གསུངས་པ་བཞིན། ཤམ་པོར་གངས། བྱར་པོ་ནགས་སུ་ཕེབས། ཁྱད་པར་བླ་མའི་བཀའ་ལྟར། ལྷོ་བྲག་མཁར་ཆུར། རོ་སྙོམས་དང་སངས་རྒྱས་ཐོས་ཆོག་གཏེར་དུ་སྦས། དེ་ནས་གཉལ་ལོ་རོ་རང་དུ་བཞུགས་ཏེ། ཕྲིན་ལས་ཡུན་རིང་བསྐྱངས་ནས། མཐར་ཚེ་གོང་ཕུག་པར། དགུང་གྲངས་དོན་བརྒྱད་པ་ལྕགས་སྦྲུལ་ ༡༡༦༡ ལོར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་ཅིང༌། ད་ལྟའང་ལྕང་ལོ་ཅན་ན་བཙུན་མོ་ལྔ་བརྒྱའི་དབུས་སུ། རྡོ་རྗེ་འཆང་ཡེ་ཤེས་ཀྱི་སྐུར་བཞུགས་པ་ཡིན་ནོ། །སློབ་མའི་གཙོ་བོ། ལྷོའི་བུ་བཞི། བྱང་གི་བུ་ཆེན་བཞི། སྒོམ་པ་ཆོས་གྲགས། ལ་སྟོད་པ་གཉན་ཆོས་སྐྱབས། ཟངས་རི་རས་པ་སོགས་ཚད་མེད་པ་ཐོན། རྗེ་ཟླ་འོད་གཞོན་ནུ། སྣེའུ་ཟུར་པ། བྱ་ཡུལ་བ། འཆད་ཀ་བ་ཡེ་ཤེས་རྡོ་རྗེ་སོགས་བཤེས་གཉེན་དུ་མས་ཀྱང་བསྟེན་ཏོ། །དེ་ལས་ཙ་གཙང་བྱེས་གསུམ་ལ་སྐུ་མཆེད་གསུམ་ཟེར། དེ་དག་ཕལ་ཆེ་བའི་ཞབས་ལ་གྲུབ་ཐོབ་གླིང་གིས་གཏུགས་སོ། །

{{#arraymap:རས་ཆུང་རྡོ་རྗེ་གྲགས་པ་

|; |@@@ | | }}