73771

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རས་ཆེན་ (1)
Part of speech མིང་ཚིག
Definition འཚོ་བའི་ཡོ་བྱད་བཅུ་གསུམ་གྱི་ནང་གསེས། དབྱར་ཆར་ཆུ་བསྐྱབ་པའི་ཕྱིར་དུ་གྱོན་པར་བྱ་བ། ཚད་ནི་སྲིད་དུ་ཁྲུ་དགུ་དང་ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཡོད་པའི་དབྱར་གྱི་གོས་རས་ཆེན་ནམ་ཆར་གོས་ཤིག
Domain ཆོས་ལུགས།
རས་ཆེན་ (2)
Part of speech མིང་ཚིག
Definition མི་ལ་རས་པའི་ཆེ་མིང༌། མི་ལས་དཀའ་སྤྱད་སྐབས་སུ་ན་བཟའ་རས་དཀར་ཙམ་ལས་མི་གསོལ་བས་རས་པར་གྲགས་ཤིང༌། སློབ་མ་རྣམས་ཀྱང་དེའི་རྗེས་སུ་འབྲངས་ནས་རས་གོས་གྱོན་པའི་བླ་མ་ལ་རས་ཆེན་ཞེས་ཞེ་ས་ཁྱད་པར་བ་བྱས་པའོ། །