73774

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རས་ཆེན་རྣམ་རྒྱལ་ཕུན་ཚོགས་ (1)
Part of speech མིང་ཚིག
Definition སྟག་ལུང་པའི་གདན་རབས་བཅོ་བརྒྱད་པ། རབ་བྱུང་དགུ་པའི་ཆུ་ཕོ་འབྲུག་ཕྱི་ལོ་ ༡༥༣༢ ལོར་འཕན་ཡུལ་དུ་ཡབ་གྭ་ཟི་བཀྲ་ཤིས་རྒྱ་མཚོ་དང་ཡུམ་བདེ་སྐྱིད་བུ་འདྲེན་གཉིས་ཀྱི་སྲས་སྐུ་བལྟམས། དགུང་ལོ་བརྒྱད་སྟེང་སྟག་ལུང་དུ་གདན་དྲངས་ཤིང་རབ་ཏུ་བྱུང་། ལྕགས་ཁྱི་ཕྱི་ལོ་ ༡༥༥༠ ལ་གདན་སའི་ཆོས་སྲིད་ཀྱི་ཁྲི་ལ་བཀོད་ཀྱང་ལོ་ངོ་གཉིས་ནས་ཀུན་སྤངས་མཛད། གཙུག་ལག་ཁང་ཆེན་དུ་ཐུབ་དབང་བདུད་དཔུང་ཕམ་བྱེད་སོགས་རྟེན་གསུམ་དུ་མ་བཞེངས། དཔལ་རྡོ་རྗེ་འཇིག་བྱེད་ཀྱི་བསྐྱེད་རིམ་ལ་བརྟན་པ་ཐོབ་ཅིང་ལས་རབ་བྱམས་བསྒྲུབ་པ་ལ་མངའ་བརྙེས་པ་གྲགས། གདན་ས་མར་ཐང་དབྱི་ཤོད་རི་བོ་ཆེས་གཙོས་མདོ་ཁམས་སུ་འགྲོ་དོན་བསྐྱངས། མཐར་ཆུ་མོ་ཡོས་སྤྱི་ལོ་༡༦༠༣་ལོར་དགུང་གྲངས་བདུན་བཅུ་དོན་གཉིས་སྟེང་དར་རྩེ་མདོ་རུ་སྐུ་གཤེགས།། །།