73927
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སློབ་དཔོན་ཀླུ་སྒྲུབ་བྷངྒ་ལའི་དགོན་པ་ན་བཞུགས་པའི་ཚེ། གྲོར་ཁྱེར་ཏེ་ཧེ་ན། གར་མཁན་བཟའ་མི་ལོ་ཀི་དང་གུ་ཎ་གཉིས་ཀྱི་བུ་ཚ་གླུ་གར་གྱི་འཚོ་བ་མིང་སྲིང་གསུམ་འོངས་ཏེ། གླུ་གར་ཕུལ་བས། རིགས་ངན་དུ་མ་མཛད་པར་ནང་དུ་བོས། ཁ་ཟས་མང་པོ་བྱིན་པས་དད་པ་རྙེད་ཅིང་། དེར་ཀླུ་སྒྲུབ་ཀྱི་བླ་མ་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་གྱི་སྐུ་འདྲ་རས་ལ་བྲིས་པ་མཐོང་བས། འདི་ཅི་ལགས་ཞུས་པས། འདི་བྱང་སེམས་ཐ་མལ་པས་མི་མཐོང་བ་ཞིག་ཡིན་གསུངས། བདག་ཅག་ལ་བསྟན་པར་ཞུས་པས། ངའི་སྤྱི་གཙུག་ན་ཡོད་ཀྱི་ལྟོས་ཤིག་གསུངས། དེ་མཐོང་བའི་ཐབས་ཤིག་ཞུ་ཞུས་པས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཅུག་སྟེ། དབང་བསྐུར། རྒྱུད་བཤད། གདམས་པ་བསྟན་ནས་ཉམས་སུ་ལོངས་ཤིག་གསུང་། ནན་ཏན་གྱི་ཉམས་སུ་བླངས་པས། རྒྱུད་དག་ནས་བྱང་ཆུབ་སེམས་དཔའི་ཞལ་མཐོང་ངོ་། །དེར་དོ་ཧ་གླུར་བླངས་ནས་མཆོད་པ་ཕུལ་བས། ཁྱོད་ཀྱིས་དེ་ཡི་དོན་ཤེས་སམ་གསུངས། མི་ཤེས་ཞུས་པས། བྱིན་གྱིས་བརླབས་ཏེ་སྙིང་པོ་དོན་གྱི་དགོངས་པ་བསྟན་པས་རྟོགས་པ་ཐོབ། སློབ་དཔོན་གྱིས་ཁྱོད་ལྷོ་ཕྱོགས་ཀྱི་སྟོན་པ་ཤ་བ་རི་དབང་ཕྱུག་བྱ་བ་ཡིན་པས་འདིེར་མ་སྡོད་པར་སྲིང་མོ་གཉིས་ཕྱག་རྒྱར་བསྟེན་ནས། གསུམ་ཀ་རྔོན་པའི་ཆས་སུ་ཞུགས་ལ་ལྷོ་ཕྱོགས་དཔལ་གྱི་རི། སེམས་ངལ་གསོ་བའི་རི། ཡིད་ཕམ་པར་བྱེད་པའི་རི་ལ་སོང་ལ། དབང་པོ་ཡང་རབ་རྣམས་ཀྱི་དོན་བྱོས་ཤིག་གསུང་། དེར་མིང་སྲིང་རྣམས་ཀྱིས་རྔོན་པའི་ཆས་སུ་ཞུགས་ནས་དཔལ་གྱི་རི་ལ་མཆོག་གི་དངོས་གྲུབ་བརྙེས་ཏེ། དེང་སང་གི་བར་དུའང་བཞུགས་ཡོད་པར་གསུངས། སློན་དཔོན་འདི་རི་ཁྲོད་དབང་ཕྱུག་གམ་ས་ར་ཧ་ཆུང་བའང་ཟེར། དེའི་སློབ་མ་དཱ་རི་ཀ་པ། དེས་རྡོ་རྗེ་དྲིལ་བུ་པ་བྱིན་གྱིས་བརླབས་པར་བཤད། དེའི་སློབ་མ་ནི་རྗེ་མར་པས། ཙཱརྱ་པ་ནག་པོ་སྤྱོད་པ་ཡིན་པར་བཞེད། ཕྱིས་མངའ་བདག་མཻ་ཏྲི་པ་དང་། པཎྡྲི་ཏ་བི་བྷུ་ཏི་ཙནྡྲ་དང་། པན་ཆེན་ནགས་རིན་སོགས་ཀྱི་ཤ་བ་རི་པ་དང་དངོས་སུ་མཇལ་ནས་གདམས་པ་སྩོལ་བ་སོགས་མང་དུ་བྱུང་ངོ་། ། |