From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རི་ཁྲོད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
དབེན་གནས་སུ་བཞུགས་ནས་སྒོམ་ཉམས་ལེན་བྱེད་མཁན་གྱི་ཆོས་པ་སྟེ།
|
| Example
|
བླ་མ་རི་ཁྲོད་པ། གྲྭ་རྐྱང་རི་ཁྲོད་པ་ལྟ་བུ།
|
རི་ཁྲོད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྔོན་པ།
|
རི་ཁྲོད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
བདེ་མཆོག་སྟེ། རི་རབ་ཀྱི་རྩེ་ལ་བདེ་མཆོག་དཀྱིལ་འཁོར་དང་བཅས་པ་བཞུགས་པས་དེ་སྐད་བཤད་དེ། སྔོན་ཚེ་དབང་ཕྱུག་དང་དབང་ཕྱུག་ལ་མཆོད་པ་བྱེད་མཁན་ལྷ་དང་གནོད་སྦྱིན་གྲུལ་བུམ། ཀླུ་དང་ལྷ་མིན་མང་པོ་ཞིག་གིས་སེམས་ཅན་ལ་གནོད་ཅིང་འཚེ་བར་བྱེད་པ་འདུལ་བའི་ཕྱིར་དུ་རྒྱལ་བ་རྡོ་རྗེ་འཆང་གིས་རི་རབ་ཀྱི་རྩེ་མོར་བདེ་མཆོག་གི་དཀྱིལ་འཁོར་སྤྲུལ་ཞིང་དེའི་དབུས་སུ་ཧེ་རུ་ཀའི་སྐུ་བཞེངས་པ་སོགས་ཀྱི་ལོ་རྒྱུས་ཡོད་དོ། །
|
| Type
|
མངོན་བརྗོད།
|