73970
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཆོས་མངོན་པ་མཛོད་ནས་བཤད་པའི་གསེར་གྱི་ས་གཞི་སྟེང་དུ། ཆར་པའི་རྒྱུན་དག་བབ་སྟེ་ས་བོན་རྣམ་པ་སྣ་ཚོགས་ཡོད་པའི་ཆུ་དེ་དག་མཐུ་རྣམ་པ་དུ་མའི་བྱེ་བྲག་དང་ལྡན་པའི་རླུང་དག་གིས་བསྲུབས་པས་བྱུང་བའི་རི་རྣམས་ཏེ། དེ་ལ་དབུས་ན་ལྷུན་པོ། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡེང་ཅན་དང་། དེ་བཞིན་བལྟ་ན་སྡུག་རི་དང་། རྟ་རྣ་དང་ནི་རྣམ་འདུད་དང་། མུ་ཁྱུད་འཛིན་རི་སྟེ་གསེར་གྱི་རི་བདུན་གྱིས་ར་བ་རིམ་པ་བདུན་བསྐོར་བ་དང་། ཕྱི་ལ་ཁོར་ཡུག་གི་ལྕགས་རི་བཅས་དགུའོ། ། |
| Domain | ཆོས་ལུགས། |